དེབ་ཐེར་ནག་པོ།  E-mail
གོ་ལའི་རྨི་ལམ། - གོ་ལའི་རྨི་ལམ།

 

 

དེབ་ཐེར་ནག་པོ།

                                                                                       འཇམ་དབྱངས་ནོར་བུ།

 

           ཨོ་སི་ཀར་ཝེལ་ཌེ(Oscar Wilde) ཡིས"ང་ཚོས་རྒྱལ་རབས་ལ་འགན་འཁྲི་གཅིག་འཁྱེར་དགོས་པ་ནི་དེ་བསྐྱར་འབྲི་བྱེད་ རྒྱུ་དེ་རེད།"ཅེས་གསུངས་པའི་སྐབས་དེར་ཁོང་གིས་ཧྥ་རན་སིའི་མིའི་བཤད་སྲོལ་དུ་ ཡོད་པ་ལྟར  epater les bourgeois ཅེས་པ་འདི་བརྒྱུད་བཤད་བྱེད་ཐབས་བྱེད་ཀྱི་ཡོད་སྲིད།  ཝེལ་ཌེ་ནི་འགན་ལེན་དང་བློ་གདེང་གི་དུས་ཏེ་དུས་རབས་བཅུ་དགུ་བའི་ཕྱེད་ཕྱི་ མའི་ནང་འཚོ་གནས་བྱས་ཡོད། དེང་རབས་ཀྱི་རྒྱལ་རབས་མཁན་དཔེར་ན་འཇར་མན་གྱི་དངོས་ཡོད་རིང་ལུགས་པ་ལིའུ་པོལ་ ཌི་བོན་ཪཱན་ཀེ(Leopold Von Ranke) ཡིས་ཁོང་ཚོའི་ལས་ཀ་ལ་བརྟེན་ནས"དངོས་འབྲེལ་ཇི་ཞིག་བྱུང་ཡོད་པ"དེ་སྟོན་ཐུབ་ ཀྱིན་རེད་བསམས་ཡོད་པ་རེད་ལ། དབྱིན་ཇིའི་ཁེ་ཐོ་ལིག་གི་རྒྱལ་རབས་མཁན་ ལོར་ཌི་  ཨེག་ཤོན (Lord Acton) གྱིས"ཡང་དག་པའི་རྒྱལ་རབས"དེ་སྒྲུབ་ཐུབ་པའི་ཉི་མ་གཅིག་ཡོང་གི་རེད་ཅེས་ཡིད་ ཆེས་བྱས་པ་རེད།

ད་ ཆ་རྒྱལ་རབས་པ་ཚོ་ནི་སྤྱིར་བཏང་གིས་ཧ་ཅང་བློ་གདེང་ཞན་པའི་ལྟ་ཚུལ་ཞིག་གི་མཐའ་ སྐོར་ལ་སླེབས་ཡོད་དེ། ཁཱེམ་བྷི་རེ་ཇི་ཡི་ཨི་ཨེ་ཆི་ཁཱར་(E. H. Carr) གྱིས་བཤད་པ་ལྟར། "རྒྱལ་རབས་ནི་འགྲེལ་བཤད་ཅིག་རེད"ལ། དགོས་དབང་ལ་བསྟུན་པའི་དུས་སྐབས་ཅན་གྱི་འགྲེལ་བཤད་ཅིག་དང་། དེ་ལ་བརྟེན་པའི་བསྐྱར་འབྲི་དང་བསྐྱར་བཅོས་ཤིག་རེད། རྒྱལ་རབས་བསྐྱར་བཅོས་རིང་ལུགས་ནི། གསར་དུ་རྙེད་པ་དང་བདེན་པ་མང་བའི་ལོ་རྒྱུས་ཀྱི་ཡིག་ཆ། ཡང་ན་ཕྱོགས་ལྷུང་ཉུང་བའི་གནས་ཚུལ་དེ་ཚོ་སྣོན་པ་བྱེད་པའི་དམིགས་ཡུལ་འཛིན་པ་ དང་ཆབས་གཅིག ལོ་རྒྱུས་ཀྱི་བདེན་པ་དེ་ཚོ་ལ་བསྐྱར་ཞིབ་བྱས་ནས་འདས་པ་ལ་གོ་བ་ཡག་ག་ཞིག་ སླེབས་པའི་འབད་བརྩོན་ཞིག་རེད། ཡང་ད་དུང་གུས་ཞབས་ཉུང་ང་ཞིག་ཀྱང་ཡོད་དེ། ཁ་ཤས་ཀྱིས་ཐ་ན་རྗུན་བཟོ་བྱས་པ་རེད་བརྗོད་སྲིད་ལ། དེ་འདྲའི་བསྐྱར་བཅོས་རིང་ལུགས་པ་ལ"ཞི་འགྲིག་རིང་ལུགས་པ"ཟེར་ཞིང་། ཚིག་དེ་ཐོག་མར་ཧྥ་རན་སིའི་དམག་ཆེན་གཉིས་པའི་ཐོག་ལ་མཁས་པ་ (Le Syndrome De Vichy, སོགས་) ཧེན་རཱེ་ རཱོའུ་སཱོ(Henry Rousso) ཡིས་ངོ་སྤྲོད་བྱས་ཤིང་། དེས་རྒྱལ་རབས་བསྐྱར་འབྲི་བྱེད་པའི་བརྒྱུད་རིམ་དེ་ནི་རང་ཉིད་ཀྱི་འདོད་ཕྱོགས་ ལ་རྒྱབ་སྐྱོར་བྱེད་པའི་དོན་དེ་ཚོ་ལ་སྒྲོ་འདོགས་དང་། ཐལ་ཆེར་བརྗོད་པ་དང་ཆབས་གཅིག་གལ་ཆེའི་བདེན་དོན་མང་པོ་སྣང་མེད་དུ་འཇོག་པའམ་ ཡང་ན་ཁས་མི་ལེན་པ། ཇེ་ཉུང་དུ་གཏོང་བ་བཅས་བྱེད་པ་ཡིན་པར་བརྗོད།

དགེ་ རྒན་ཆེན་མོ་ མེལ་ཝན་གྷོལ་ཌི་སི་ཐེན་གྱི་ ༡༩༡༣ ནས་ ༡༩༥༡ བར་གྱི་བོད་ཀྱི་དེང་རབས་རྒྱལ་རབས། བླ་མའི་རྒྱལ་ཁབ་ཤི་བ། ཞེས་པ་དེ་ ༡༩༨༩ ལོའི་ཐོན་སྐབས། བོད་ཀྱི་འཇིག་རྟེན་ནང་གི་མང་པོ་ཞིག་ཡར་ལངས་དགོས་པ་དང་དོ་སྣང་སྤྲོད་དགོས་ པའི་རྒྱུ་མཚན་ནི།  དེབ་དེས་བཞག་པའི་བསམ་ཚུལ་ནོར་ས་མེད་པ་ཞིག་སྟེ་ཐ་ན་ཐོག་མར་ཤོག་ངོས་དག་བམ་ ཀློག་བྱས་པ་ཙམ་གྱིས་ཀྱང་། འདི་ན་བོད་ཀྱི་རྒྱལ་རབས་སྐོར་ལ་ཡང་བསྐྱར་གནད་ཆེ་བའི་འགྲེལ་བཤད་ཅིག་འདུག་ ཅེས་པ་དེ་རེད།  བསམ་ཚུལ་འདི་ནི་བོད་ཀྱི་སྲིད་དོན་རྒྱལ་རབས་ཐོན་རིམ་ནང་གི་ཅུང་རིང་བའི་དུས་ ཚོད་ཀྱི་སྟོང་ཆ་ཞིག་ཡོད་པ་དེ་ལ་བརྟེན་ནས་ཇེ་ཆེར་ཕྱིན་པ་རེད། དོན་དངོས་ལ། རྩིས་དཔོན་ཞྭ་སྒབ་པའི་བོད་ཀྱི་རྒྱལ་རབས་ཐད་ཀྱི་གལ་ཆེའི་ལོ་རྒྱུས་ཏེ། བོད་ཀྱི་སྲིད་དོན་རྒྱལ་རབས་ཐོན་པ་ནས་ལོ་ཉི་ཤུ་རྩ་གཉིས་འདས་ཟིན་པ་དང་།  ཧཱུ་རི་ཆར་ཌི་སཱོན (Hugh Richardson)  གྱི་འདོད་རྔམ་ཆུང་མོད་བེད་སྤྱོད་ཆེ་བའི་ བོད་དང་དེའི་རྒྱལ་རབས་ ཅེས་པ་ཐོན་པ་ནས་ལོ་ཉི་ཤུ་རྩ་བདུན་ཕྱིན་ཡོད་པ་རེད། ང་ཚོ་ལ་ ཧཱུ་ རི་ཆར་ཌི་སཱོན་དང་སི་ནེལ་གྷ་རོབ་ (Snellgrove) ཀྱི་ ༼འགྲན་ཟླ་ད་དུང་མེད་པ་ལྟར་༽བོད་ཀྱི་རིག་གནས་ལོ་རྒྱུས་ ཅེས་པ་དེ་ ༡༩༦༨ ལོར་ཐོབ་ཀྱི་ཡོད་ལ། བོད་ཀྱི་སྔ་མོའི་རྒྱལ་རབས་ཐད་ཀྱི་རྩོམ་དང་ཆེད་རྩོམ་ཐར་ཐོར་ཡོད་པ་མ་གཏོགས་ རྒྱ་ཆེ་བའི་སྲིད་དོན་རྒྱལ་རབས་ཤིག་མེད་པ་རེད།

ཞྭ་ སྒབ་པ་དང་ཧཱུ་ རི་ཆར་ཌི་སཱོན་གྱི་རླབས་ཆེ་མོད"དུས་ལས་ཡོལ"ཟིན་སྲིད་པའི་རྩོམ་ཡིག་དེ་ཚོའི་ ལྡོག་ཕྱོགས་སུ།  གྷོལ་ཌི་སི་ཐེན་གྱི་རྒྱལ་རབས་དེ་ནི་ཕྱི་རྒྱལ་ལྟ་སྐོར་བ་དང་ཆེད་ལས་པ་དག་ལས་ སླ་བོར་བོད་ལ་འགྲོ་ཐུབ་པའི་སྐབས་ཤིག་སྟེ། ཏཱིན་ཞའོ་ཕིན་གྱི"སྒོ་འབྱེད"ཀྱི་རྗེས་སུ་བརྩམས་པ་དང་ཞིབ་འཇུག་བྱས་པ་ཞིག་ ཡིན་པ་དང་།  གྷོལ་ཌི་སི་ཐེན་ལ་ཆ་བཞག་ན། ཐ་ན་ད་བར་སྤྲད་མྱོང་མེད་པའི་བོད་ཀྱི་རྒྱལ་རབས་དང་གནས་ཚུལ་རྒྱུ་ཆ་འགའ་ཞིག་ལ་ ལྟ་ཆོག་པའི་ལམ་ཁ་ཞིག་རྙེད་པ་རེད། ཡིན་ན་ཡང་ཡིག་ཆ་དེ་ཚོའི་མང་ཆེ་བ་ཞིག་ནི་བཅར་འདྲི་ཡིན་པ་ལས་ཡིག་ཚགས་ཀྱི་ རྒྱུ་ཆ་མིན་པ་རེད། དེར་བརྟེན་ གྷོལ་ཌི་སི་ཐེན་གྱི་དེབ་དེ་ལ་བཅོས་མིན་གྱི་དོ་སྣང་དང་ཐ་ན་དགའ་སྣང་ཞིག་གིས་ བསུས་ཡོད་པ་རེད་ལ། དེ་ཡང་དེར་ཡོད་པའི་གནས་ཚུལ་གསར་པ་ཁོ་ནའི་ཆེད་མ་ཡིན་པར་ད་དུང་སྲོལ་རྒྱུན་ལྟ་ ཚུལ་ལམ་སྔར་སྲོལ་རྒྱུན་འཛིན་བྱས་པའི་སྔོན་གྱི་རྒྱལ་རབས་རྣམས་དང་མི་འདྲ་བར། དེབ་འདིས་དོན་དངོས་ལ་ཡག་ཉེས་དབྱེ་འབྱེད་མེད་པར་བརྗོད་པའི་ལྟ་ཚུལ་ཆེ་ཙམ་ཞིག་ ཡོད་པར་ཁས་འཆེ་ལུགས་ལ་བརྟེན་ནས་རེད།

དེབ་ འདིའི་བསྐྱར་ཞིབ་ནི་སྣ་ཚོགས་ཤིག་རེད། ཚོད་དཔག་བྱས་པ་བཞིན། གཡོན་ཕྱོགས་ཀྱི་མི་ཚོ་ནི་ཧ་ཅང་དགའ་བ་རེད། ཊོམ་གཱི་རན་ཧྥིལ་ཌི(Tom Grunfeld) ཡིས་རྒྱ་ནག་གི་དུས་ཚིགས་ཅེས་པའི་ནང"ཆེད་མཁས་ཅན་དང་གཟབ་ནན་པ། བསམ་རྒྱ་ཅན་དང་ཡིད་བརྟན་འཕེར་བ"ཞིག་རེད་ཅེས་འགྲེལ་བརྗོད་བྱས་པ་རེད། གཞན་དག་སྟེ། དམིགས་བསལ་གྱིས་ནང་ཆོས་ཀྱི་ལྟ་ཚུལ་ལ་འདོད་བབ་ཆེ་བ་དག་ནི་འཛེམ་དྭོགས་ཅན་ རེད།  གཱ་རེ་ཐ་ སེ་པཱ་རམ་ (Gareth Sparham) གྱིས་ བོད་གནས་བསྐྱར་ཞིབ་ཀྱི་ནང་  བོད་མི་ཚང་མ་ཁོང་ཚོའི་ཆོས་ལུགས་ལ་ལྷག་བསམ་ཟོལ་མེད་དང་གཏིང་ཟབ་ཡོད་པ་དེར་ གྷོལ་ཌི་སི་ཐེན་གྱིས་བསྔགས་བརྗོད་མ་བྱས་པ་ལ་སྐྱོན་བརྗོད་བྱས་པ་རེད། བོད་གནས་བསྐྱར་ཞིབ་ལ་མ་བསམས་ས་ཞིག་ནས་ཧཱུ་ རི་ཆར་ཌི་སཱོན་གྱིས་རྩོམ་སྒྲིག་པར་བཏང་གནས་ཤིག་འབྱོར་བ་རེད་ལ། ཁོང་ནི་ སི་ཨ་ཊེལ་གྲོང་ཁྱེར་དུ་ཡོད་པའི་ཝ་ཤིན་ཊོན་སློབ་གྲྭ་ཆེན་མོའི་ནང་དུ་ གྷོལ་ཌི་སི་ཐེན་གྱི་དགེ་རྒན་རྙིང་པ་དེ་ཡིན་པ་རེད། རི་ཆར་ཌི་སཱོན་གྱིས་ དེབ་འདིའི"ཞིབ་འཇུག་དང་གནས་ཚུལ་ཁ་གསལ་པོ"དེ་ལ་བསྔགས་བརྗོད་བྱས་མོད། དེབ་ཀྱི་མཇུག་གི་གཏམ་དེ་ཚོ་ནི་ “ངོ་ཚ་འོས་པ་”ཞིག་རེད་ཅེས་བརྗོད་པ་རེད། ཁོང་གིས་ད་དུང་མུ་མཐུད་ནས། “༡༩༥༡ རྗེས་ཀྱི་གནས་ཚུལ་གྱི་ཐད་ནས་གྷོལ་ཌི་སི་ཐེན་ལ་བཤད་རྒྱུ་ཡོད་ཚད་ནི། བོད་མི་ཁྲི་བརྒྱད་དང་༧རྒྱལ་བ་རིན་པོ་ཆེ་བཙན་བྱོལ་ལ་བྲོས་པ་དེ་ལ་བརྟེན་བྱུང་ བའི“རྙོག་ཟིང་གི་གནས་ཚུལ་རིམ་པ”ཞིག་རེད་ཅེས་པ་དེ་རེད། ༡༩༥༩ ལོའི་བོད་མིའི་གྱེན་ལངས་དང་དེ་དང་འབྲེལ་བའི་དམར་གསོད་དང་ཁྲག་སྦྱོར།  དམག་ཤུགས་ཆ་ཚང་དང་ལྡན་པའི་སྲིད་ཕྱོགས་ཀྱི་བཙན་རྒྱལ་རིང་ལུགས་པའི་སྲིད་དབང་ སྒེར་འཛིན་གྱི་གནོན་ཤུགས་སླེབས་པ།  གདུག་སྤྱོད་ཅན་གྱི་རིག་གནས་གསར་བརྗེའི་གཏོར་བཤིག་རྣམས་ལ་ཁོའི་མིག་བཙུམས་ ཡོད་པ་རེད་ཅེས་བརྗོད་པ་རེད། མི་གཞན་རྣམས་དང་འདྲ་བར་རི་ཆར་ཌི་སཱོན་གྱིས་ གྷོལ་ཌི་སི་ཐེན་ལ་རྗེས་ཀྱི་དོན་གནད་དེ་ཚོའི་སྐོར་ལ་དེབ་གཞན་ཞིག་འབྲི་འཆར་ ཡོད་པ་དེ་ཤེས་ཀྱི་མེད་པ་རེད། དེར་བརྟེན་སྐྱོན་བརྗོད་དེ་ཚོ་ནི་དེ་དུས་འོས་པོ་ཞིག་ཡིན་ནའང་ད་ལྟའི་ཆར་སྦྱར་ རུང་བ་ཞིག་ཡིན་རྒྱུ་མ་རེད།

གྷོལ་ ཌི་སི་ཐེན་གྱི་བོད་ཀྱི་རྒྱལ་རབས་དེས་ང་ལ་ཐོག་མར་སེམས་འགུལ་ཐེབས་བཅུག་པའི་ གྲས་ཀྱི་གཅིག་ནི་དེའི་ཕྱི་གཟུགས་ཀྱི་མཛེས་རྩལ་ཏེ་སྤུས་ཀ་ལེགས་པོ་དེ་རེད། རྒྱབ་ཤའི་ཇུས་འགོད་གཅིག་པུ་ཡང་བོད་ཀྱི་སྐོར་ལ་བཏོན་པའི་དེབ་གཞན་དང་བསྡུར་ དུས་མིག་ལ་མཛེས་པོ་དང་ལྷུན་ཆགས་པ་ཞིག་རེད། དེ་དུས་རྒྱ་གར་ནང་ང་ལ་ཐོབ་ཐུབ་པའི་བོད་ཀྱི་སྐོར་གྱི་དེབ་མང་ཆེ་བ་དང་། བོད་ཀྱི་དཔེ་མཛོད་ཁང་དང་བཙན་བྱོལ་བོད་གཞུང་གི་དེབ། མོ་ཏི་ལཱལ་ བཱ་ནཱ་རཱ་སི་ཌཱ་སི་ཡིས་བསྐྱར་པར་བྱས་པ་དང་གཞན་རྣམས་ནི་ཤོག་གུ་སྤུས་ཀ་ཞན་ པའི་ཐོག་པར་བཏབ་ཅིང་། དེབ་ཀྱི་མཐའ་བཙེམས་ཀྱང་རྒྱུན་ལྡན་ཆར་དུས་ཁ་ཤས་ཀྱི་རྗེས་སུ་འཐོར་འགྲོ་གི་ རེད།

ངའི་ ཡི་རངས་དེ་དེབ་ཀྱི་ཁ་ཕྱེ་སྐབས་ཇེ་ཆུང་དུ་ཕྱིན་མ་སོང་། ལས་དོན་འདི་ལ་དཀའ་ལས་ཆེན་པོ་བརྒྱབ་པ་དང་། གཞི་རྒྱ་ཆེ་བའི་ཉམས་ཞིབ། བཅར་འདྲི་མང་པོ་དེ་རྣམས་ནི་༼མི་དེ་ཚོའི་གྲས་ཀྱི་ཁག་གཅིག་ནི་དུས་དེ་བར་དུ་ རྒྱ་ནག་གི་ངལ་རྩོལ་རྭ་བའི་ནང་ཡལ་བར་གྱུར་ཡོད་པ་རེད།༽ཆེས་གསལ་བའི་བདེན་དཔང་ རེད། དེར་ད་དུང་ནམ་རྒྱུན་དང་མི་འདྲ་བའི་པར་རིས་མང་པོ་ཡོད་པ་དང་། དེའི་གྲས་ཀྱི་འགའ་ཞིག་ནི་སྔོན་པར་བརྒྱབ་མྱོང་མེད་པ་རེད་ལ། དེས་ལོ་རྒྱུས་འདི་ཆ་ཚང་བ་ཡོང་བར་ཕན་བཏགས་ཡོད་པ་རེད། རི་ཆར་ཌི་སཱོན་གྱིས་འགྲེལ་བརྗོད་བྱས་པ་བཞིན་གྱི་ “ཁ་གསལ་གྱི་གནས་ཚུལ་”བརྒྱུད་ནས་དཔེ་ཆ་འདི་ཐོག་མར་ཀློག་སྐབས་དེ་ནི་སྤྲོ་སྣང་ ཅན་གྱི་ཉམས་མྱོང་ཞིག་རེད། སྒྲུང་མང་པོ་ཞིག་ནི་སྔོན་ཆད་གོ་མྱོང་ཡོད་པའི་སྡེ་པ་གཞུང་གི་དབང་བསྒྱུར་གྲལ་ རིམ་དང་བླ་མ། སྐུ་དྲག་དེ་ཚོའི་སྐོར་ལ་རེད།

རྒྱལ་རབས་ནང་འབྲེལ་ཆགས་པ།

བོད་ ཀྱི་གཞུང་འཛིན་གྲལ་རིམ་གྱི་གནས་ཚུལ་ཁག་གི་ཟིང་ཆ་ཅན་གྱི་ཞིབ་ཆ་དག་གིས་ང་རང་ རང་ཉིད་དགའ་སྣང་མང་བ་ཞིག་གིས་མྱོས་པར་བྱས་པའི་རྗེས་སུ། ངས་ཐེངས་གཉིས་པ་ཀློག་སྐབས་དེར། ང་ལ་དང་ཐོག་དོ་སྣང་མ་བྱུང་བའི་ཞིབ་གསལ་གྱི་གནས་ཚུལ་དག་ལ་ཅུང་བདེ་བོ་མེད་ པའི་དཀའ་རྙོག་གི་ཚོར་བ་ལྟ་བུ་ཞིག་སླེབས་མགོ་ཚུགས།  ཅིའི་ཕྱིར་རྭ་སྒྲེང་རིན་པོ་ཆེའི་ཟུར་མོ་རེད་ཅེས་བསྙད་པའི་བུ་མོ་གཉིས་ཀྱི་ པར་ ༼ཤོག་ངོས་གཅིག་ཁ་གང་བ་༽འདིར་བཀོད་ཡོད་པ་རེད།  ངས་དེང་རབས་ཨ་མི་རི་ཀའི་རྒྱལ་རབས་ཚད་ལྡན་གང་ཞིག་ཏུ་ཡང་མཱེ་རཱེ་ལཱེན་ མོན་རཱོ་འམ་ཡང་ན་ཇུ་ཌི་ཐི་ ཨེག་སེ་ནེར་༼སྲིད་འཛིན་ཁེ་ནེ་ཌེ་དང་ཇག་ཚོགས་ཀྱི་གཙོ་བོ་ སཱེམ་་གཱེན་ནཱ་ཁ་གཉིས་ཀའི་ཟུར་མོ།༽ གྱི་པར་ཤོག་ངོས་གང་བ་ཞིག་གཏན་ནས་མཐོང་མྱོང་མེད། ཆེད་ལས་ཀྱི་རྒྱལ་རབས་མཁན་དག་ལ་མཚོན་ན། འབྲེལ་ཆགས་ཡིན་པའི་དྲི་བ་ནི་རྒྱུན་ལྡན་དུ་ཡོད་པ་ཞིག་དང་། དེ་མིན་ཡང་མ་མཐའ་ལའང་ཚད་ངེས་ཅན་ཞིག་གི་ནང་བཟང་སྤྱོད་ཀྱི་ངོ་བོ་ཞིག་ཡོད་པ་ རེད་ལ། དེའི་ནང་དུ་རྒྱལ་རབས་ལོ་རྒྱུས་ལ་ཕན་མི་ཐོགས་མོད་འཁྲིག་སྲེད་ཀྱི་འདོད་པ་ སྐོང་ཙམ་ཡིན་སྲིད་པའི་པར་རིས་དང་གནས་ཚུལ་རིགས་རྣམས་འདུས་ཡོད་པ་རེད། ད་དུང་ཟུར་མོར་བསྙད་པའི་གཅིག་༼ལྕམ་མཆོག་བཀྲས་༽དེ་དངོས་རྭ་སྒྲེང་གི་དགའ་ རོགས་ཡིན་པའི་ཁུངས་སྐྱེལ་བཀོད་མེད་ལ། དཀྲོག་གཏམ་ཙམ་ཞིག་རེད། དེ་འདྲའི་ལྷ་སའི་ནང་གི་དཀྲོག་གཏམ་ལ་གཟབ་གཟབ་མ་བྱས་པར་ཕྱིར་སྒྲོག་བྱེད་པ་ དེས་རྒྱལ་རབས་སློབ་སྦྱོང་ཞེས་པའི་གོ་དོན་གང་ཡིན་ཐད་ལ་མཚན་ཤས་ཚགས་པར་ (a tabloid)རིགས་ཀྱི་ཚོར་བ་ཞིག་སྤྲོད། གྷོལ་ཌི་སི་ཐེན་གྱིས་རྭ་སྒྲེང་གི་འཁྲིག་སྤྱོད་གསང་བ་དེ་ཚོ་ནི་ཁོང་གི་རྒྱལ་ ཚབ་ཀྱི་ཁྲི་ཤོར་དགོས་པའི་རྒྱུ་མཚན་ཆེ་བ་དེ་རེད་ཅེས་བརྗོད་པ་ནི་བརྗོད་ཆོག་པ་ ཞིག་རེད། ཡིན་ད་ཡིན། ཡིན་ན་ཡང་ཏོག་ཙམ་འགྲེལ་བརྗོད་ཡང་མོ་ཞིག་སྟེ། བསྙད་འདོགས་དང་དཀྲོག་གཏམ་ལས་མང་ཙམ་ཞིག  གཅིག་བྱས་ན་པར་གཅིག་ཙམ་གྱིས་འཐུས་པ་བྱས་ན་ཏག་ཏག་འགྲིག་བསྡད་པ་ཞིག་རེད།

གྷོལ་ ཌི་སི་ཐེན་གྱིས་ད་དུང་དཀྲོག་གཏམ་དེ་འདྲ་གཟབ་ནན་གྱི་ངང་ནས་འགྲེལ་བཤད་བྱེད་ པར་ཞུགས་ཏེ། དཱེ་མོ་རིན་པོ་ཆེ་ཟངས་ཀྱི་བུམ་པ་ཆུས་བཀང་བ་ཞིག་གི་ནང་བཏུམས་པ་དང་། རྭ་སྒྲེང་རིན་པོ་ཆེའི་སྒོང་རྡོག་བཙིར་བའི་སྐོར་བརྗོད་པ་རེད། རི་ཆར་ཌི་གསུམ་པ་ཞེས་པའི་ནང་ཤཱཀ་སེ་པི་ཨར་ (Shakespeare) གྱིས་ ཁི་ལེ་རན་སི་ཡི་ཌུག་ (Duke of Clarence) དེ་ “རྒུན་ཆང་གི་སྣོད་དུ་བཏུམས་ནས་”དམར་གསོད་བྱས་ལུགས་ཤིག་ང་ཚོར་བརྗོད་ཡོང་། ཌུག་ནི་རྭ་བཟི་བ་མིང་གྲགས་ཅན་ཞིག་ཡིན་སྟབས་ད་ལྟའི་ཆར་གནས་ཚུལ་དེ་ཀུ་རེའི་ ཚུལ་དུ་མགོ་བཙུགས་སྲིད་པའི་ཡིད་ཆེས་བྱེད་ཀྱི་ཡོད། རྒྱལ་ཚབ་རྭ་སྒྲེང་གིས་ཚངས་སྤྱོད་ཀྱི་སྡོམ་པ་ཚུལ་བཞིན་མ་བསྲུངས་པའི་མིང་ཅན་ དེས་ཀྱང་ཕྱོགས་མཚུངས་པར་སྒོང་རྡོག་བཙིར་བའི་དཀྲོགས་གཏམ་དེ་བསླངས་སྲིད་པ་ ཞིག་རེད། དེ་འདྲའི་གནས་ཚུལ་ལ་གཏམ་བརྗོད་དང་ཟློས་གར་གྱི་ནང་དུ་རང་རང་གི་ས་ཆ་ཞིག་ཡོད་ སྲིད་ཀྱང་གཟབ་ནན་གྱི་རྒྱལ་རབས་ཤིག་གི་ནང་དུ་བསམ་གཞིགས་བྱེད་མི་རུང་བ་ཞིག་ རེད། གྷོལ་ཌི་སི་ཐེན་བར་དུ་རྒྱལ་རབས་པ་གཞན་༼རི་ཆར་ཌི་སཱོན་དང་ཞབས་སྒབ་པ་སོགས།༽ གྱིས་ལྷ་སའི་དཀྲོག་གཏམ་དེ་འདྲ་རྒྱལ་རབས་ལོ་རྒྱུས་ནང་བཅུག་མེད་པ་རེད་ལ། ཏན་ཏན་ཁོང་ཚོ་ཡང་སྒྲུང་དེ་འདྲ་ལ་རྒྱུས་མངའ་ཡོད་པ་རེད།

གྷོལ་ ཌི་སི་ཐེན་གྱིས་ད་དུང་རྒྱལ་རབས་ཀྱི་ཐད་ནས་འབྲེལ་བ་མེད་ཅིང་མ་རུངས་རྫུན་གཏམ་ སྟེ་དགེ་འདུན་ཆོས་འཕེལ་གྱིས་འགྱིག་གི་བུ་མོ་འཁྲིག་སྤྱོད་བྱེད་ས་ཞིག་ཉར་ཡོད་ ཚུལ་བསྒྲགས་ཡོད་པ་རེད། རྫུན་གཏམ་འདི་ནི་གཅིག་བྱས་ན་ ཁྱད་དུ་འཕགས་ཤིང་གསར་བཏོད་པའི་མཁས་པ་འདིའི་རྙིང་ཞེན་པའི་དགྲ་ཡ་དག་གིས་ ཕྱིས་ཀྱི་ལོ་ཟླ་དག་གི་ནང་དུ་བཤད་མགོ་བཙུགས་ཡོད་སྲིད་པ་རེད་ལ། ཁོང་ནི་འཁྲིག་སྤྱོད་ལ་མཉེས་པོ་ཡོད་པའི་མིང་གྲགས་ཡོད་པ་དང་། དེ་བཞིན་ད་དུང་ཕྱི་རྒྱལ་བའི་འཁྲིག་སྤྱོད་བྱེད་ལུགས་ལ་བོད་མི་ཚོའི་མཚར་སྣང་ བཅས་ཀྱི་རྐྱེན་ལ་བརྟེན་ནས་འདི་ཚང་མས་ངོས་ལེན་པ་ཞིག་ཆགས་པ་རེད། འདིའི་ཁུངས་སྐྱེལ་གྱི་ཚུལ་དུ་གྷོལ་ཌི་སི་ཐེན་གྱིས་ང་ཚོ་ལ་བརྗོད་དོན། འགྱིག་གི་བུ་མོའི་སྐོར་ལ་ཐད་ཀར་དྲིས་སྐབས། “དགེ་འདུན་ཆོས་འཕེལ་ཁ་ཕར་འཁོར་ནས་ལན་མ་བརྒྱབ་པ་རེད། བོད་ཀྱི་ལུགས་སྲོལ་ལ། ཁོང་གིས་དེ་འདྲ་མེད་ཅེས་མ་གསུངས་སྟབས་དེ་ངོ་མ་ཡིན་པ་མཚོན་གྱི་ཡོད་པ་རེད།” ཅེས་བརྗོད་འདུག འདིས་དེ་འདྲ་ཡིན་པ་གང་ཡང་མཚོན་གྱི་ཡོད་པ་མ་རེད། མི་གཞན་དང་འདྲ་བར་བོད་མི་ཚོས་ཀྱང་དེ་འདྲའི་གླེང་འགེལ་དང་དམའ་འབེབས་ཀྱི་དྲི་ བ་ལ་ལན་གྱིས་བརྩི་མཐོང་མི་བྱེད་པ་དེ་འདམས་སྲིད་པ་རེད། འདི་འདྲའི་བོད་མིའི་ཀུན་སྤྱོད་སྐོར་གྱི་སྤྱི་ཚོགས་རང་བཞིན་གྱི་འགྲེལ་བཤད་ རྫུན་མ་ཞིག་མི་རིགས་རིག་པ་རང་གི་ལྟ་ཚུལ་གྱི་ཨ་མར་ཁས་འཆེ་བའི་མི་ཞིག་ནས་ཡོང་ བ་དེ་ཁྱད་མཚར་པོ་རེད། ད་དུང་ ༡༩༥༠ གོང་གི་ལོ་དག་གི་ནང་འདི་འདྲའི་འཁྲིག་སྤྱོད་ཀྱི་འགྱིག་ཆས་ཤིག་ཨ་རི་དང་ཡུ་ རོབ་ཀྱི་ནང་དུ་ཚོང་ཟོག་གི་ཚུལ་དུ་མེད་པ་ནི་ངས་ཧ་ལམ་ཏན་ཏན་ལབ་ཐུབ་ཀྱི་ཡོད་ལ། ཏན་ཏན་རྒྱ་གར་ལ་ཐ་ན་ ༢༠༠༨ ཀྱི་ནང་དུ་ཡང་མེད་ངེས་རེད།  དབྱིན་ཇིའི་རྒྱལ་ཁབ་ཀྱི་ནང་ ༡༩༨༢ ཡར་སྔོན་དུ་འཁྲིག་ཆས་ནང་འདྲེན་བྱེད་པ་ནི་ཁྲིམས་འགལ་རེད། སེམས་ཁམས་རིག་པ་བའི་ལས་ཀ་ཞིག་ཞོར་ལས་སུ་བྱས་པ་མིན་མོད། འཁྲིག་སྤྱོད་དང་ལྷའི་གྲོང་ཁྱེར་ཉམས་ཆག་སྐོར་གྱི་གྷོལ་ཌི་སི་ཐེན་གྱི་འགྲེལ་ བརྗོད་ནང་གོད་ཆག་ལ་དགའ་སྣང་ཡོད་པའི་རྟགས་མཚན་རྣམས་སུ་གཅིག་གིས་ཀྱང་གཡོལ་ དཀའ་བ་ཞིག་ཡིན་ཏེ། བོད་ཀྱི་དགེ་འདུན་པ་ཚོས་མཚན་གཅིག་འཁྲིག་སྤྱོད་ལག་བསྟར་བྱེད་ཕྱོགས་ཀྱི་རྣམ་ པ་ཞིབ་འགྲེལ་བྱས་པའམ། ཡང་རྭ་སྒྲེང་གི་སྒོང་རྡོག་བཙིར་བའི་བརྗོད་གཞི་ལ་ཁོས་དོ་སྣང་སྤྲད་པ་ལྟ་བུ་ རེད། གྷོལ་ཌི་སི་ཐེན་གྱིས་ རྙོག་ཁྲ་དེ་ སྨན་པ་མཁས་ཅན་སར་འཁྱེར་ནས་དེ་འདྲ་ནི་སྲོག་རྐྱེན་དུ་འགྲོ་མིན་གྱི་ལམ་སྟོན་ ཞུས་ཡོད་ཚུལ་འདུག

མཐའ་ མཇུག་དེར་ངས་དེབ་འདི་ནི་རྒྱལ་ཁབ་ཅིག་དང་མི་དམངས་ཤིག་གི་ལོ་རྒྱུས་ཤིག་མིན་པ་ དང་། དེའི་ཚབ་ལ་ལྷ་སའི་གཞུང་འཛིན་གྲལ་རིམ་ཉུང་ཉུང་ཞིག་གི་སྐོར་ལ་རང་ཤེད་ཚ་བོ་དང་ དབྱེ་ཞིབ་མེད་པའི་ལོ་རྒྱུས་ལྟ་བུ་ཞིག་གི་ནང་དུ་ཤུགས་ཆེར་བྲིས་པ་ཞིག་དང་། དམིགས་བསལ་གྱིས་རང་གི་དུས་ཚོད་མང་ཆེ་བ་དེ་ཕན་ཚུན་གྱི་གོ་གནས་འབེབས་རེས་ བྱུས་ངན་ལ་བཏང་བའི་རིགས་དང་། འཁྲིག་སྤྱོད་ལ་འཛེམས་མེད་བྱེད་པ། ཡང་ན། དེ་མིན་གྱི་ལྐོག་ཟ་རུལ་སུངས་ཀྱི་ཁྲོད་དུ་རེ་མེད་དུ་ལུས་པའི་ཚོགས་མི་ཚོའི་ སྐོར་རེད་སྙམ་པའི་ཚོར་སྣང་གསར་པ་ཞིག་སྐྱེས་བྱུང་།

ཐ་ ན་སྐབས་གང་ཞིག་ཏུ་འབྲེལ་ཆགས་པ་ཙམ་མིན་པར་གཅིག་བྱས་ན་ལོ་རྒྱུས་དང་མི་སྣ་དག་ གི་རྣམ་པ་རྣམས་ཆ་སྙོམ་དང་དྲང་བདེན་ཡིན་པ་དེ་དེ་བཞིན་དུ་སྟོན་རྒྱུ་ལ་དགོས་ ངེས་ཅན་ཡིན་པ་ལ་ཡང་། བཀུར་འོས་ཀྱི་ཞབས་ཞུ་དང་གཏོང་ཕོད། སྙིང་སྟོབས་བཅས་ཀྱི་ལོ་རྒྱུས་ནི་ཉུང་ཙམ་ལས་མེད་པ་རེད། གྷོལ་ཌི་སི་ཐེན་གྱི་དམིགས་ས་ནི་གཞི་རིམ་གྱི་ཆ་ནས་གཏོར་བཤིག་དང་ནང་དམེ། ཡང་ན་ཉེས་ཅན་དང་ཐ་ན་ངོ་ཚ་འོས་པའི་དོན་རྣམས་རེད། ཁོས་རྭ་སྒྲེང་གི་རྩོད་རྙོག་དང་དེའི་མཇུག་འབྲས་ཀྱི་སེ་ར་གྱེན་ལངས་སྐོར་ལ་ཧ་ ལམ་ཤོག་ངོས་ ༦༠ བཀོད་འདུག ལེའུ་འདིའི་ནང་གསེས་མགོ་བརྗོད་ལ། “སེ་རའི་དམག་འཁྲུག་”དང་ “རྭ་སྒྲེང་དགོན་པའི་སྡེབ་གསོད་ཆེན་མོ་”ལྟ་བུ་དངོས་གནས་ཇི་བྱུང་གི་གནས་ཚུལ་ ལ་འུར་བརྗོད་བྱས་འདུག ཨ་མི་རི་ཀའི་ཤེས་ཡོན་ཅན་གྱི་རྭ་བའི་ནང་ ༡༩༨༩ ལོའི་པེ་ཅིན་དུ་སློབ་མ་དང་མི་སེར་སྟོང་ཕྲག་ཁ་ཤས་བསད་པ་དེ་ལ་ “སྡེབ་གསོད་”ཅེས་པའི་ཚིག་འདི་སྤྱོད་རྒྱུ་ནི་ཆབ་སྲིད་ཀྱི་ཆ་ནས་མི་འགྲིག་པ་ དང་མ་མཐའ་ལ་ཡང་རྩོད་གཞི་ཅན་ཞིག་ཡིན་པའི་ད་ལྟའི་དུས་ཚོད་འདི་འདྲ་ལ།  རྭ་སྒྲེང་དགོན་པར་བོད་གཞུང་གི་དམག་མི་བཅུ་གྲངས་བཀྲོངས་པ་དེ་གཅིག་བྱས་ན་ “སྡེབ་གསོད་”ཅེས་པ་ལས་ཅུང་ཞན་པའི་ཚིག་ཅིག་གིས་འགྲེལ་བཤད་བྱ་དགོས་པ་རེད།

རི་ ཆར་ཌི་སཱོན་གྱིས་ “སེ་ར་དམག་འཁྲུག་”གི་སྐོར་ལ། གཞུང་དམག་གིས་ཕར་རྒོལ་བྱས་དུས་དེར་དགེ་འདུན་པ་མང་ཆེ་བ་ནི་ཐོན་ཟིན་པ་དང་ཉུང་ ཤས་ཤིག་གྲྭ་ཚང་འདུ་ཁང་ནང་འཐབ་རྭ་བྱས་ནས་ཡོད་པ་རེད་ཅེས་བརྗོད་འདུག ཞྭ་སྒབ་པས་བཤད་དོན་ལ། གཞུང་དམག་གིས་ “དགེ་འདུན་པའི་ཟིང་འཇགས་པར་བྱས་”ཤིང་ “ཡུལ་དམག་གི་ཉེན་ཁ་མཇུག་འགྲིལ་བ་རེད་”ཅེས་བརྗོད་འདུག  ཡིན་ན་ཡང་ཞྭ་སྒབ་པ་རང་ཉིད་སྒེར་ངོས་ནས་རྩོད་རྙོག་འདིའི་ནང་ཞུགས་ཡོད་ཙང་ཁོང་ གི་ཕྱོགས་ཞེན་ཡོད་མེད་ལ་དྲི་བ་གཏོང་ཆོག་པ་ཞིག་རེད།  སྐབས་དེར་ལྷ་ས་ན་ཡོད་པའི་ཧེན་རིག་ཆི་ ཧཱ་རཱར་ (Heinrich Harrer) གྱིས་རྩོད་གཞི་འདི་ལ་ “མི་སེར་གྱི་དམག་འཁྲུག་ཆུང་ཆུང་ཞིག་”ཅེས་བརྗོད་འདུག་པ་འདི་ནི། ཕྱོགས་སུ་མ་ལྷུང་བའི་ཐོག་ནས།  གནད་དོན་འདིའི་ཐད་ང་ཚོས་རྒྱུ་མཚན་གྱི་ཐོག་ནས་ཇི་ཙམ་དམིགས་འབེན་ལ་ཏག་ཏག་ འཁེལ་ཐུབ་པ་དེ་ཙམ་རེད་བསམས་ཀྱི་འདུག

གང་ ཡིན་ཡང་། བོད་ནང་གི་གནས་ཚུལ་འདི་དག་ནི་ས་མཚམས་ཕར་བརྒལ་ཙམ་གྱི་རྒྱ་ནག་ཏུ་ཁྲག་དྲི་བྲོ་ བའི་མི་སེར་གྱི་དམག་འཁྲུག་ངོ་མ་ཞིག་ལངས་བཞིན་པ་དེའི་འོག་ཏུ་འབྱུང་བཞིན་པ་ རེད་ལ།  དེར་ས་ཡ་མང་པོ་བསད་ཅིང་རྨས་པ་དང་། བུད་མེད་དང་བྱིས་པ། རྒན་རྒོན་དང་ནད་པ་ཚུད་པའི་ས་ཡ་མང་བ་ཞིག་མུ་གེ་དང་ནད་ཡམས། ཡུལ་གྱར་བྱེད་བཞིན་ཡོད། ཐ་ན་ཁམས་དང་ཨ་མདོའི་ནང་གི་བོད་རིགས་སྡེ་ཁག་མང་པོ་ཉེ་འཁྲིས་ཀྱི་རྒྱ་ནག་གི་ མི་སེར་དམག་འཁྲུག་འདིའི་ནང་ཚུད་ནས་དེ་འབྲེལ་གྱི་སྡུག་བསྔལ་མྱངས་ཡོད། ལྷ་སའི་ནང་གི་ “མི་སེར་དམག་འཁྲུག་ཆུང་ཆུང་”འདི་བདུན་ཕྲག་གཉིས་ཙམ་གྱི་ནང་ཚུད་མཇུག་སྒྲིལ་བ་ དང་ཆབས་གཅིག “གུང་ཁྲན་དང་གོ་མིན་ཏང་བར་གྱི་ཡུལ་དམག་”དེ་ ༡༩༢༧ ནས་ ༡༩༥༠ བར་༼༡༽ ཁྲག་དྲི་བྲོ་བའི་མི་ལོ་ཉེར་བདུན་རིང་བྱུང་བ་འདི་ང་ཚོས་ཤེས་དགོས་པ་རེད། དེ་རིང་གི་བར་དུ་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་རིགས་བྱུང་མེད་ལ། དམག་འཁྲུག་དེ་མཇུག་སྒྲིལ་བའི་གཏམ་ཡང་མེད། ངོ་མ་བཤད་ན་པེ་ཅིན་གྱིས་གྲུབ་འབྲས་དང་བཅས་ཐེ་ཝན་ལ་བཙན་འཛུལ་བྱེད་པའམ་ཡང་ན་ ཐེ་ཝན་གྱི་རང་བཙན་ངོས་ལེན་བྱེད་པ་དེ་སྲིད་དུ། རྩོད་རྙོག་རིང་མོ་འདི་ཚད་གཞི་གང་འདྲ་ཞིག་གི་ཐོག་ནས་ཀྱང་མཇུག་སྒྲིལ་བ་རེད་ ཅེས་བརྩི་མི་ཐུབ་པ་རེད།
ཧྥ་རན་སིའི་རྒྱལ་རབས་པ་དང་མཁས་པ་ ཨ་མུ་རེ་ ཌེ་ རེན་ཁོར་ཊི་ (Amaury de Riencourt) ཡིས་ཁོང་ ༡༩༤༧ ལོར་བཀའ་བློན་སྦུག་དང་འབྲས་ལྗོངས་སུ་ཡོད་སྐབས་དེར་རྭ་སྒྲེང་གི་རྩོད་རྙོག་ དེ་ཐོས་པ་རེད། ཡིན་ན་ཡང་བོད་བརྒྱུད་ནས་ཕྱིན་ཏེ་ལྷ་ས་ལ་ཟླ་བ་ལྔ་བསྡད་པའི་སྐབས་སུ། བདུན་ཕྲག་གཉིས་རིང་གི་རྩོད་རྙོག་དེས་སྤྱིར་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ བཞག་པ་ནི་གཏིང་ཟབ་པ་དང་རྒྱ་ཆེ་བ་ཞིག་མ་རེད་ཅེས་མཇུག་སྡོམ་བརྒྱབ་པ་རེད། ཁོང་གིས་ “ཁྱོན་ཡོངས་ནས་ དགོན་པ་ཁ་ཤས་ཀྱི་ནང་གི་ཚད་བཀག་ཅན་གྱི་རྙོག་ཟིང་དང་རྐྱེན་ངན་འདིས་བོད་མི་ དཀྱུས་མའི་མི་ཚེའི་ཐོག་ལ་དོ་ཕོག་གཏོང་ཐུབ་ཡོད་པ་མ་རེད།”༼༢༽ཅེས་བྲིས་འདུག ཌེ་ རེན་ཁུར་ཊི་ཡི་ལྟ་སྟངས་འདི་ནི་ཞིབ་འཇུག་གཏིང་ཟབ་པོ་བྱས་ནས་ཡོང་བ་ཞིག་མིན་པ་ ནི་ཞུ་མ་དགོས། ཡིན་ན་ཡང་། གང་ལྟར་ཆ་རྒྱུས་ཡོད་པ་དང་། ཕྱོགས་རིས་མེད་པ། མི་ངོ་མས་མཐོང་བ་ཞིག་ཡིན་པ་རེད། དོ་སྣང་འོང་བ་ཞིག་ལ། ཁོས་རྒྱ་ནག་གི་གཞུང་གིས་ཁོང་ཚོའི་གསར་འགྱུར་ནང་འདི་ལ་འུར་སྒྲོག་བྱས་ཚུལ་དེ་ ང་ཚོར་བཤད་འདུག

“རྒྱ་ མིས་རྙོག་ཟིང་འདི་ལ་འཇུས་ནས་བོད་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་ཆེ་ཤོས་ཤིག་གི་ གྲས་སུ་དྲིལ་བསྒྲགས་པ་རེད། གོ་མིན་ཏང་གིས་སྐུལ་སློང་བྱས་ཤིང་ཧྲང་ཧེ་ནས་ཐོན་པའི་གསར་འགྱུར་ལྟར་ན། ལྷ་སྡོད་རྒྱའི་གཞུང་ཚབ་ཧྲེན་(Shen Tsung-lien the Chinese representative in Lhasa. JN)གྱིས་དཀའ་རྙོག་འདི་སེལ་བའི་ནང་ལས་ཀ་འགངས་ཆེ་བྱས་ཡོད་པ་རེད་བཀོད་མོད། དངོས་ཡོད་ལ་ཁོ་ནི་རང་གི་གཞུང་ཚབ་ཀྱི་རྩིག་པའི་ནང་ངོས་སུ་བདེ་འཇགས་ངང་ལུས་ ཡོད་པ་རེད། ཡིན་ན་ཡང་། བོད་ཀྱིས་རྒྱལ་སྤྱིའི་སྟེང་རང་གི་རྩ་དོན་སྲུང་སྐྱོབ་བྱེད་མ་ཐུབ་པར་བརྟེན། ཡང་བསྐྱར་ཐེངས་གཅིག་རྒྱ་ནག་གོ་མིན་ཏང་གིས་འཛམ་གླིང་མི་མང་གི་དོ་སྣང་བྱ་ཡུལ་ ཞིག་བཟུང་བ་རེད།”
ཧྲེན་ཚུང་ལཱེན་གྱིས་ ༡༩༥༣ ལོར་ཨ་མི་རི་ཀར་བོད་ཀྱི་རྒྱལ་རབས་སྐོར་གྱི་རང་གི་དེབ་དེ་བཏོན་སྐབས། ཁོས་བཤད་པ་ལྟར་གྱི་ “རྭ་སྒྲེང་གི་ལེ་ཚན་”༼༣༽ཟེར་བ་དེ་རྗོད་དུམ་ཉུང་ཉུང་ཞིག་ལ་བསྡུས་པ་དེའི་ནང་ དཀའ་རྙོག་འདི་ལ་ཇུས་གཏོགས་རྒྱ་ཆེ་ཡོད་ཚུལ་བཀོད་མེད་པ་དེ་ནི་གླེང་དགོས་པ་ ཞིག་རེད།

ངས་ རྭ་སྒྲེང་གི་རྙོག་གླེང་འདི་ནི་མཇུག་འབྲས་མེད་པ་ཞིག་ཏུ་རྩ་ནས་བསམས་ཀྱི་མེད་ ཅེས་གསལ་པོར་བརྗོད་འདོད་བྱུང་།  དེས་བོད་ཀྱི་གཞུང་ལ་དོ་ཕོག་གཏོང་བ་ནི་གསལ་པོ་རེད་ལ། གཟབ་ནན་གྱི་ཞིབ་འཇུག་དང་བགྲོ་གླེང་མང་བ་བྱེད་དགོས་པ་ཞིག་རེད། ཡིན་ན་ཡང་། གྷོལ་ཌི་སི་ཐེན་གྱིས་རྙོག་ཁྲ་འདི་ལ་ཚད་ལས་བརྒལ་བའི་༼འཁྲིག་སྲེད་ཀྱི་རྣམ་པ་ ཅན་ལྟ་བུ་༽ནན་བཤད་བྱེད་པ་ནི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་རྣམ་པ་ངོ་མ་དེ་དང་། དམིགས་བསལ་གྱིས་ “དེང་རབས་ཅན་དུ་བསྒྱུར་བ་”ཞེས་པའི་དུས་སྐབས་འདིའི་ནང་བོད་ཀྱི་འཇིག་རྟེན་ལ་ ཤུགས་རྐྱེན་ཐེབས་པའི་དོན་དག་གཞན་དག་དང་ལྷན་དུ་འཁོད་སྙོམ་པོ་ཞིག་བཟོ་དགོས་ པའི་རྒྱུ་མཚན་གྱིས་འདི་ནི་ཆ་མི་མཉམ་པ་ཞིག་ཏུ་མཐོང་གི་འདུག
དམག་འཁྲུག་ཆད་ལྷག

ང་ ཚོས་གྷོལ་ཌི་སི་ཐེན་གྱིས་ཁྱད་མཚར་པོའི་ཐོག་ནས་བོད་ཤར་ཕྱོགས་སུ་བྱུང་བའི་ བོད་དམག་གི་རྒྱལ་ཁ་ཆེན་པོ་དེ་རྗོད་དུམ་གཅིག་གིས་བསྐྱུར་ཡོད་པ་ཤེས་དུས། “མི་སེར་གྱི་དམག་འཁྲུག་ཆུང་ཆུང་ཞིག་”ལ་ཤོག་ངོས་ཁྱད་མཚར་དྲུག་ཅུ་བཀོད་པ་དེ་ དམིགས་བསལ་གྱིས་ཆ་མ་ཡ་ཏོ་ཞིག་རེད། ༡༩༡༧-༡༩༡༨ བར་གྱི་དམག་འཁྲུག་འདི་ནི་བོད་ཀྱི་རྒྱལ་རབས་ནང་གི་རྙོག་འཛིང་ཆེ་ཤོས་ཤིག་ཡིན་ པ་དང་། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་དེང་རབས་དམག་མིའི་ཐུན་མོང་མ་ཡིན་པའི་ལམ་ ལྷོང་དེས་ཆབ་སྲིད་ཀྱི་མཚོན་རྟགས་བླ་མེད་ཅིག་འཁྱེར་ཡོད་པ་རེད། ཧ་ལམ་ལོ་ངོ་སྟོང་ཕྲག་ཙམ་གྱི་དུས་ཡུན་ནང་ཐོག་དང་པོར་བོད་དམག་གིས་རྒྱལ་ཕམ་ གསལ་པོའི་ཐོག་ནས་བཙན་འཛུལ་རྒྱ་དམག་ཕམ་པར་བྱས་ཡོད་པ་རེད། དམག་འཁྲུག་དེ་ནི་རྒྱ་ཆེ་བ་ཞིག་དང་ཐ་ན་སྐབས་རེར་ཅི་བྱ་གཏོལ་བྲལ་དུའང་གྱུར་ ཡོད་པ་ནི་དམག་འཁྲུག་འདིའི་སྐབས་སུ་བོད་ཀྱི་དམག་སྤྱི་མདའ་དཔོན་ཕུ་ལུང་བ་དང་། མདའ་དཔོན་སྦྱིན་པ། མདའ་དཔོན་བཀྲས་གླིང་གསུམ་དམག་འཁྲུག་གནང་རྐྱེན་འདས་སུ་སོང་ཡོད་པའི་དངོས་ཡོད་ འདིས་དཔོག་ཐུབ་པ་ཞིག་རེད། དེ་འདྲའི་ཞིབ་བསྡུར་ནི་གླེན་རྟགས་ཤིག་ཡིན་སྲིད་པ་རེད། ཡིན་ན་ཡང་། བོད་ཀྱི་རྒྱལ་རབས་ཀྱི་སྐོར་ལ་ཨ་མི་རི་ཀའི་ཤེས་ཡོན་པའི་རྩོམ་ཡིག་ཅིག་དང་། ༡༩༡༧-༡༩༡༨ ཀྱི་དམག་འཁྲུག་དེ་ལ་སྣོན་འཕྲི་བྱེད་པ་འདམ་ཡོང་བ་དེ་ལ།  འདིར་ཨ་རིའི་རྒྱལ་རབས་ཀྱི་ནང་དུ་རྙོག་འཛིང་འདི་གཉིས་འབུར་ཐོན་དུ་བྱེད་ཆེད་ ཨ་མི་རི་ཀའི་དམག་སྤྱི་ག་ཚོད་ཅིག་ཨི་རཱག་དང་ཡང་ན་ཝི་ཊི་ནཱམ་གྱི་ནང་དུ་བསད་ ཡོད་པ་རེད་ཅེས་སུས་ཀྱང་རྒྱུ་མཚན་ལྡན་པའི་ཐོག་ནས་འདྲི་སྲིད་པ་རེད།

སྲོག་ སྐྱོན་བྱུང་བའི་གྲངས་འབོར་ཏག་ཏག་དེ་མི་ཐོབ་མོད་ཕྱོགས་གཉིས་ཀའི་ངོས་ནས་མཐོན་ པོ་ཞིག་ཡིན་ཚོད་འདུག  དབྱིན་ཇིའི་དམག་འཁྲུག་སྐོར་གྱི་ཚིག་ཐོ་ཞིག་ཏུ་ཆབ་མདོའི་དམག་འཁྲུག་སྐབས་དེར་ རྒྱ་དམག་སྟོང་སྐོར་གྱི་དམག་སྒར་གྱི་ཕྱེད་ལས་མང་བ་ཞིག་ཤི་བ་བཤད་ཡོད་པ་རེད་ལ། ཆབ་མདོའི་དམག་འཁྲུག་དེ་ནི་དམག་འཁྲུག་འདིའི་སྐབས་སུ་གདོང་གཏུགས་མང་པོ་བྱུང་ བའི་གྲས་ཀྱི་གཅིག་རང་གཅིག་རེད། ཞྭ་སྒབ་པས་ཆབ་མདོའི་ཡར་སྔོན་དུ་བྱུང་བའི་དམག་འཁྲུག་གི་སྐོར་ལ། “ཟླ་བ་མང་པོའི་རིང་གི་འཇིགས་ངར་གྱི་གཡུལ་འགྱེད་ཀྱི་རྗེས་སུ་བོད་དམག་གིས་ རོང་པོ་རྒྱལ་རབས་ཐང་དང་། ཁྱུང་པོ་གསེར་རྩ། ཁྱུང་པོ་སྟེང་ཆེན། རི་བོ་ཆེ། ལྕགས་ཟམ་ཁ། ཐོག་འབྲུ་གུ་དགོན། ཚ་བ་དཔའ་ཤོད། ལ་དགོན་གཉེན་གྲྭ། ལམ་མདའ་བཅས་ཚུར་ལེན་བྱས་པ་རེད།”ཅེས་བྲིས་འདུག ཞྭ་སྒབ་པས་ང་ཚོར་བཤད་དོན་ལ། ཆབ་མདོ་ཤོར་བའི་རྗེས་དེ་ལ་ བཀའ་བློན་བླ་མས་རང་གི་དམག་མི་རྣམས་ངལ་གསོ་ཅུང་ཙམ་བྱེད་བཅུག་རྗེས། སྨར་ཁམས་དང་བྲག་གཡབ། ས་ངན། གོ་འཇོ། སྡེ་དགེ་བཅས་སུ་དམག་འཁྲུག་ཆེད་མདུན་བསྐྱོད་བྱས་པ་རེད་ལ། དེ་ཚོ་ཚང་མ་ “བཅིངས་བཀྲོལ་” བྱས་པ་རེད།

1རི་བོ་ཆེར་ཁམས་དམག་རྣམས་རང་གིས་འཕྲོག་པའི་མེ་སྒྱོགས་ལྷན་དུ།
ད་དུང་ས་གནས་ཀྱི་ཁམས་པ་རྙོག་འཛིང་འདིའི་ནང་བསད་པ་རྣམས་ལ་ང་ཚོས་ ངེས་པར་དུ་བསམ་ཞིབ་བྱེད་དགོས།  ལོ་གཞོན་བོད་ཀྱི་རྒྱལ་རབས་པ་ཀེ་ དོན་གྲུབ་༼ཁོང་ ༡༩༩༥ ལོར་དུས་མིན་འཆི་སྐྱོན་བྱུང་བ་དེས་ཁྱད་དུ་འཕགས་པའི་ཁོང་གི་བོད་ཀྱི་རྒྱལ་ རབས་དེའི་པོད་གསུམ་གྱི་གཅིག་ལས་མ་ཐོབ་པར་ལུས།༽ཀྱིས་བྲིས་དོན། “སྨར་ཁམས་དང་བྲག་གཡབ། ས་ངན། གོང་འཇོ། སྡེ་དགེ་སོགས་ཀྱི་བོད་མི་ཚོ་ལ་གནོན་ཤུགས་ཇེ་ཆེར་སོང་ནསས་ཡུན་སྒུག་བྱེད་མ་ ཐུབ་པར་བཙན་འཛུལ་བ་ལ་གྱེན་རྒོལ་གྱི་ལས་འགུལ་བརྩམས་པ་རེད། མཚོན་ཆའི་སྤུས་ཀ་ཞན་པ་དང་གོ་སྒྲིག་ལེགས་པོ་མེད་ཙང་ཁོང་ཚོ་ལ་ཕམ་ཉེས་ཆེན་པོ་ ཕོག་པ་རེད། ཅང་མ་འགོར་བར་བཀའ་བློན་བླ་མ་བྱམས་པ་བསྟན་དར་༼མདོ་སྤྱི་༽གྱིས་ཁོང་ཚོར་རོགས་ བྱེད་ཐུབ་པ་བྱུང་ཞིང་བཅིངས་འགྲོལ་བྱས་ནས་ས་གནས་དེ་ཚོ་ཚང་མ་ཚུར་བླངས་པ་ རེད།”༼༤༽  སྤྱི་ཡོངས་ནས་གལ་སྲིད་ཁམས་པའི་ཚེ་སྲོག་ཤོར་བའི་༼མི་སེར་དང་དམག་མི་ཚང་མ་༽ གྲངས་དེ་བརྩིས་པ་ཡིན་ན་ང་ཚོས་མ་མཐའ་ལ་ཡང་སྟོང་ཕྲག་འགའ་ཞིག་ལ་སྲོག་སྐྱོན་དང་ རྨས་སྐྱོན་བྱུང་བ་ཞིག་བཤད་ཀྱི་ཡོད་པ་རེད།

རྒྱལ་ ཁ་ཐོབ་པའི་བོད་དམག་ནི་གནའ་བོའི་བོད་ཀྱི་མཐའ་མཚམས་ཀྱི་གྲོང་ཁྱེར་དར་རྩེ་མདོ་ ལ་བསྐྱོད་པ་དང་། དེ་ནས་རྒྱ་ནག་གི་ཞི་ཁང་ཟེར་བའི་ཞིང་ཆེན་གསར་པ་དེའི་རྒྱལ་ས་ལ་བསྐྱོད་བཞིན་ ཡོད་སྐབས་དེར། རྒྱ་མིས་དབྱིན་ཇིའི་གཞུང་ལ་བར་འདུམ་ཡོང་བའི་སྐུལ་མ་ཞུས་པ་རེད། དར་རྩེ་མདོ་དང་འབའ་ཐང་དུ་ཡོད་པའི་རྒྱ་མིའི་ལས་བྱ་དང་ཚོང་ལས་བྱེད་མཁན་ཚོ་ནི་ “ཧ་ཅང་འཇིགས་དངངས་ཀྱི་འོག་”དང་ “རང་གི་མགོ་འཁྲིད་བོར་བ་”ཞིག་ཆགས་མོད། ས་གནས་བོད་མི་ཚོས་ནི་བསམ་ཤེས་ཐུབ་པ་ཞིག་གི་ངོས་ནས་དགའ་སྟོན་བྱེད་བཞིན་ཡོད་ པ་རེད། པེ་ཀིང་དུ་ཡོད་པའི་དབྱིན་ཇིའི་གོང་མའི་སྐུ་ཚབ་ལས་བྱ་ ཨེ་རིག་ ཐའི་ཆ་མཱན་ (Eric Teichman) ཆབ་མདོ་ལ་བཏང་ཞིང་། དེར་མདོ་སྤྱི་དང་ལྷན་དུ་གྲོས་མོལ་མང་པོ་བྱས་པའི་རྗེས་སུ་མཐའ་མ་དེར་རོང་བ་ རྩ་ཞེས་པར་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་རེད། བོད་མི་ཚོས་ཆབ་མདོ་དང་བྲག་གཡབ། སྨར་ཁམས་བཅས་སུ་ཚུར་བླངས་པའི་ས་ཆ་རྣམས་རང་གནས་སུ་བཞག་པ་རེད་ལ། ལི་ཐང་དང་འབའ་ཐང་། ཉག་རོང་བཅས་རྒྱ་ནག་གི་དབང་འོག་ཏུ་ལུས་པ་རེད། བོད་མི་ཚོ་ལ་ནི་རྒྱའི་ལག་འོག་ཏུ་ཤོར་བའི་དར་རྩེ་མདོ་དང་དེ་བཞིན་ལོ་རྒྱུས་ དང་མི་རིགས་ཀྱི་ཆ་ནས་བོད་དང་བོད་ཁོངས་ཡིན་པའི་ས་ཆ་གཞན་རྣམས་ཚུར་ལེན་ཐུབ་ པའི་སྤོབས་པ་ཡོད་པ་རེད། ཡིན་ན་ཡང་དབྱིན་ཇིས་བོད་ལ་མདེལ་རྫས་ཚོང་རྒྱུ་མཚམས་འཇོག་གི་ཉེན་བརྡ་སླེབས་ ནས་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུར་གནོན་ཤུགས་སླེབས་པ་ཞིག་ཚོར་བ་རེད།གང་ ལྟར་ རྒྱལ་ཁ་འདི་ནི་ཐ་ན་བོད་མི་ཚོའི་འདོད་པ་ཚིམ་པའི་ཆ་ཚང་བ་ཞིག་མིན་པའི་དབང་དུ་ བཏང་ན་ཡང་། གལ་ཆེ་བ་ཞིག་ཡིན་པ་ནི་ཁས་མི་ལེན་ཐབས་མེད་རེད་ལ། སྦྱོང་བརྡར་ཐོབ་པའི་བོད་དམག་ཚོར་རང་གི་མཐའ་མཚམས་ཀྱི་རྒྱའི་བཙན་འཛུལ་འགོག་ པའི་ནུས་པ་ཡོད་པའི་རྟགས་མཚན་གསལ་པོ་ཞིག་རེད། འདི་དང་མཉམ་དུ་ ༡༩༡༢ ལོའི་རྒྱལ་ཁ་དེས།  བོད་མིས་རང་བཙན་ཁྱབ་བསྒྲགས་བྱས་པའམ་འདོད་པ་ཙམ་མ་ཡིན་པར་དངོས་ཡོད་ཀྱི་ཐོག་ ནས་བོད་རང་བཙན་ཡིན་པའི་ལྟ་ཚུལ་འདི་བོད་པ་རང་ཉིད་ཀྱི་སེམས་ནང་དུ་སླེབས་རྒྱུ་ ལ་དགོས་ངེས་པའི་ལོ་རྒྱུས་ཀྱི་བདེན་དཔང་དང་རང་འགན་རང་གིས་ལེན་པའི་ཚོར་བ་ཞིག་ སྤྲད་ཡོད་པ་རེད།  ༡༩༣༢ ལོར་བོད་དམག་ལ་ལྡོག་ཕྱོགས་ཀྱི་ཕམ་ཁ་དེ་བྱུང་ནས་སྡེ་དགེའི་ཤར་ངོས་ཕྱེད་ཀ་ ཤོར་ན་ཡང་། ༡༩༡༨ ལོའི་རྒྱལ་ཁའི་བདེན་པ་འདིས་ ༡༩༥༠ ལོའི་ནང་རྒྱ་མི་དམར་ཤོག་གི་བཙན་འཛུལ་མ་ཡོང་བར་དུ་ཁམས་ཀྱི་ཆ་ཤས་ཆེན་པོ་ཞིག་ རང་གི་དབང་འོག་ཏུ་སྡོད་པ་ཞིག་བྱུང་ཡོད་པ་རེད།

འདི་ ནི་དམག་ཤུགས་ཀྱི་རྒྱལ་ཁ་ཙམ་ཞིག་མིན་པར་བོད་ཀྱི་མགོ་འཁྲིད་པའི་སྤུས་ཀ་དེས་ ཀྱང་ཁམས་པ་ཚོ་ལ་སེམས་འགུལ་ཐེབས་ཤིང་ཁོང་ཚོའི་རྒྱལ་ཞེན་དེ་བཀུག་ཡོད་པ་འདྲ།  བྱམས་པ་བསྟན་དར་ཁོང་སྒེར་ངོས་ནས་ས་མཚམས་རྣམས་སུ་གུས་བཀུར་ཡོང་བ་ཞིག་བཟོས་པ་ རེད། ཐའི་ཆ་མཱན་གྱིས་བཤད་དོན་ལ། ཁོང་གི་བཀའ་རྒྱ་ནི་བོད་ཤར་ཕྱོགས་ཡོངས་སུ་༼ཐ་ན་རྒྱའི་དབང་འོག་ཏུ་ཡོད་པའི་ས་ ཁུལ་ཚུན་ནས་༽དྲི་བ་གཅིག་ཀྱང་མེད་པར་བརྩི་བཀུར་བྱེད་པ་རེད་ཅེས་བརྗོད་འདུག དམག་སྤྱི་གཞན་པ་མང་ཆེ་བས་ཀྱང་རང་གི་དམག་དཔུང་དང་ཁམས་པའི་དམག་རྣམས་གཡུལ་སར་ དྲངས་སྐབས་ཧ་ལས་པའི་སྙིང་སྟོབས་དང་ཤ་ཞེན་གྱི་ཐོག་ནས་ཞུགས་ཡོད་པ་འདྲ། ལྷ་ས་ནས་ཡོང་བའི་དམག་སྤྱི་ཞིག་ནི་དུས་ད་ལྟ་ཡང་ཁམས་པའི་གླུ་གཞས་ནང་བསྟོད་ བསྔགས་འདི་ལྟར་བྱེད་པ་རེད།

རུ་དཔོན་ཨ་གཉེན་ཟླ་བ༎  གླིང་གི་དཔའ་རྟུལ་འདྲ་བ༎
མེ་མདའ་སི་སི་ལེན་དུས༎ ནམ་མཁའི་ཐོག་དང་འདྲ་བ༎

ཐའི་ ཆ་མཱན་གྱིས་ད་དུང་ང་ཚོར་བརྗོད་དོན་ལ། ཁོ་དང་ཐུག་པའི་བོད་ཀྱི་དམག་སྤྱི་རྣམས་ནི་སློབ་སྦྱོང་ཡོད་པ་དང་དཔག་ཚོད་ཀྱིས་ དེང་རབས་ཀྱི་མི་སྣ་ཡིན་པ་ “ཁོང་ཚོའི་མང་པོ་ཞིག་ནི་རྒྱ་གར་ལ་འགྲོ་མྱོང་བ་དང་། པར་ཆས་དང་རྒྱང་ཤེལ་འཁྱེར་ཞིང་། འཁྱེར་ཆོག་གི་གདན་ཁྲིའི་སྟེང་ཉལ་ལ། སྐབས་མང་པོར་ཕྱི་རྒྱལ་གྱི་གྱོན་ཆས་གྱོན་གི་འདུག སི་ཁྲོན་གྱི་དཔོན་པོ་ཚོ་ལ་ཆ་བཞག་ན་རང་གི་ཞིང་ཆེན་གྱི་ས་མཚམས་བརྒལ་ནས་འཛམ་ གླིང་གི་སྐོར་ལ་ཅི་ཡང་ཤེས་ཀྱི་མི་འདུག” ཅེས་བརྗོད་འདུག ཐའི་ཆ་མཱན་གྱིས་ད་དུང་རྒྱ་མི་ལ་མེད་པའི་བོད་མིའི་ཅུང་ཡར་ཐོན་གྱི་རྣམ་པ་གཞན་ ཞིག་མཐོང་འདུག

“ཆབ་ མདོ་རུ་བོད་མི་ཚོ་ཏན་ཏན་སྤྱོད་པ་བཙུན་པར་བསྡད་པ་རེད། རྒྱ་མིའི་བཙོན་པ་ཚོར་མིའི་འདུ་ཤེས་དང་བྱམས་བརྩེའི་ངང་ལྟ་སྐྱོང་བྱས་བྱུང་། ་་་ དེར་ཡོད་པའི་རྒྱ་མིའི་མི་སེར་ཚོས་ཀྱང་རང་གི་རྒྱུན་ལྡན་གྱི་ཚོང་ཟོག་འཁྱེར་ ནས་གྲོང་ཁྱེར་ནང་རང་དབང་གིས་འགྲོ་བསྐྱོད་བྱེད་ཅིང་། ཁོ་ཚོའི་དཔུང་བའི་ཐོག་འཛིན་བྱང་རེ་ཡོད་པ་དེས་ནི་ཁོ་པ་ཚོས་བོད་ཀྱི་ལས་ཁུངས་ སུ་ཐོ་བརྒྱབ་ཟིན་པ་སྟོན་གྱི་ཡོད་པ་རེད།”

2མདོ་སྤྱི་བཀའ་བློན་བླ་མ་བྱམས་པ་བསྟན་དར།
དོན་ དངོས་སུ། བོད་ཤར་ཕྱོགས་ཀྱི་རྒྱལ་ཁ་འདིའི་སྤྱི་ཡོངས་ཀྱི་གྲུབ་འབྲས་དང་བོད་གཞུང་གིས་ ཆབ་མདོར་བཙུགས་པའི་ཡར་ཐོན་ཅན་གྱི་འཛིན་སྐྱོང་། འཛིན་སྐྱོང་དེ་ཡང་མ་མཐར་ཡང་མདོ་སྤྱི་ལམ་ལྷོང་ཅན་གཉིས་ཀྱི་རིང་ལ་ནུས་པ་ཐོན་ པ་བྱུང་བ་བཅས་ཀྱིས་ཁམས་པ་ཚོ་ནི་ལྷ་ས་ལ་དགའ་ཞེན་ཡོང་བ་དེ་འགན་ལེན་བྱས་པ་རེད། བྱམས་པ་བསྟན་དར་གྱི་འཛིན་སྐྱོང་འདིའི་ཆབ་སྲིད་ཁ་ཕྱོགས་ནི་གཅིག་བྱས་ན་རྒྱལ་ ཁ་འདིའི་རྗེས་སུ་བརྐོས་པའི་གཞུང་གི་ཐམ་ག་གསར་པ་དེས་འཇལ་ཐུབ་པ་ཞིག་རེད། ཁོང་གི་མིང་བྱམས་པ་བསྟན་དར་ཞེས་པ་དེ་ཐམ་ག་གསར་པའི་ངོ་ཡིག་ཏུ་བཀོད་ཡོད་དེ། “རྒྱལ་ཁབ་བྱམས་པས་སྐྱོང་། བདེ་སྐྱིད་ཀྱི་བསྟན་པ་དར་བའི་ཐམ་ག་”ཞེས་འཁོད་ཡོད་པ་རེད།

ཕྱིས་ ཀྱི་འཛིན་སྐྱོང་པ་རྣམས་ནི་འཇོན་ནུས་མེད་པ་དང་ལྐོག་ཟ་རུལ་སུངས་ཡིན་པར་གྱུར་ ན་ཡང་། ཁམས་པའི་དགའ་ཞེན་དང་སྔ་མོའི་དུས་ཀྱི་དྲིན་གཟོའི་ལྷག་འཕྲོ་དེ་གུང་ཁྲན་གྱིས་ བཙན་འཛུལ་མ་བྱས་བར་དུ་གནས་ཐུབ་པ་བྱུང་བ་འདྲ། དཔེར་ན། ༡༩༥༠ ལོའི་ཟླ་བཅུ་པའི་ནང་ཁམས་པའི་དམག་དཔུང་གིས་གཞུང་དམག་གི་སྡེ་ཚན་ཁག་དང་ལྷན་ ཅིག་ཏུ་ཁོར་ཡུག་དེའི་ནང་དཔའ་སྟོབས་ཆེན་པོས་རང་གི་ལས་འགན་བླངས་ཡོད་པ་རེད།༼༥༽ ཁམས་པའི་འགོ་གཙོ་མཁན་ཆེན་ཟླ་བ་ལགས་ཀྱིས་ཆབ་མདོ་རུ་ཁམས་པའི་དམག་དཔུང་སྟོབས་ ཆེན་ཞིག་འཛུགས་རྒྱུའི་འབད་བརྩོན་ནན་མོ་བྱས་ཡོད་པ་རེད་ལ། ཁོང་གི་གལ་ཆེའི་མཛད་འགན་དེ་གཞུང་འབྲེལ་གྱིས་ངོས་འཛིན་བྱས་ཡོད་པ་རེད། ཆབ་མདོར་ཡོད་པའི་བོད་གཞུང་གི་རླུང་འཕྲིན་ལས་བྱ་ རོ་བྷར་ཌི་ ཧྥོར་ཌི་ (Robert Ford) ཡིས། “མདོ་སྤྱི་ཕུད་ལྷ་སའི་ལས་བྱ་ཚང་མའི་སྒང་ལ་ཁོང་གི་དབང་ཤུགས་ཡོད་པ་རེད།”ཅེས་ བཤད་པ་རེད། “ཆབ་མདོའི་ཨ་མྱེས་རྒན་པོ་”ཞེས་ཧྥོར་ཌི་ཡིས་བཤད་པ་ལྟར་ཁོང་ནི་ ༡༩༡༨ ལོར་བྱམས་པ་བསྟན་དར་གྱི་འོག་ཏུ་ཁྱད་ཐོན་གྱིས་ཞབས་ཞུ་ཞུ་མཁན་གྱི་ཁམས་པ་དཔོན་ རིགས་འཚོ་གཞེས་གྲས་ཀྱི་གཅིག་རེད། ཡིན་ན་ཡང་། གྷོལ་ཌི་སི་ཐེན་གྱིས་ཁོའི་དེབ་ཀྱི་མཇུག་ཏུ་ ༡༩༥༠ ལོའི་བཙན་འཛུལ་སྐོར་འཆད་པའི་ལོ་རྒྱུས་སུ་གལ་ཆེན་གྱི་མི་སྣ་འདིའི་མིང་འདོན་ བྱས་མེད་པ་རེད།བོད་ མི་ཚོས་དམག་དོན་གྱི་ལོ་རྒྱུས་རྣམས་ལ་དེ་དག་བྱུང་བའི་ལོ་ཁམས་ཀྱིས་བརྩི་སྲོལ་ ཡོད་པ་རེད།  དབྱིན་ཇིའི་བཙན་འཛུལ་ལ་ཤིང་འབྲུག་དམག་ཅེས་འབོད། ༡༩༡༢ ལོའི་མན་ཇུའི་དམག་མི་མཐར་སྐྲོད་བྱས་པ་ལ་ཆུ་བྱི་རྒྱ་དམག་ཟེར། ཡིན་ན་ཡང་ཁམས་པ་ཚོས་ ༡༩༡༨ ལོའི་རྒྱལ་ཁ་དེ་རང་གི་ལོ་རྒྱུས་ཀྱི་ནང་གི་འཁོར་མཚམས་ཞིག་ཡིན་པར་བསམས་ཡོད་ ལས་ཆེ་ལ། དེ་ལ་ཁོང་ཚོས་ཆེ་བསྟོད་ཀྱི་ཚུལ་དུ་ བསྐལ་པ་ས་རྟ་ཞེས་འབོད་པ་རེད། འདི་ནི་དམག་འཁྲུག་ཙམ་མིན་པར་རྒྱལ་ཁབ་རང་བཞིན་གྱི་བཅིངས་འགྲོལ་ཞིག་ཡིན་པ་ རེད།

གྷོལ་ ཌི་སི་ཐེན་གྱིས་དམག་འཁྲུག་འདི་བྲིས་ཡོད་མེད་སྐོར་ལ་སྐད་ཆ་བཤད་སྐབས། དབྱིན་བོད་འབྲེལ་བའི་སྐོར་གྱི་རྒྱལ་རབས་མཁས་པ་ ཨ་ལེས་ཊ་ཨེར་ ལེམ་བི་ (Alastair Lamb) ཡིས། “འདི་ནི་འཛམ་གླིང་དམག་ཆེན་དང་པོའི་གནས་ཚུལ་གཡུགས་ནས་དེང་རབས་ཡུ་རོབ་ཀྱི་ལོ་ རྒྱུས་རྩོམ་པ་དང་འདྲ་བ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་པ་རེད། ༼༦༽  གྷོལ་ཌི་སི་ཐེན་གྱི་དེབ་འདིའི་ཁྱད་མཚར་བའི་ཁྱད་ཆོས་གཅིག་ནི། ཧ་ལས་པའི་གནས་ཚུལ་གྱི་གྲངས་འབོར་མང་པོ་ཞིག་བསྡུས་ཡོད་མེད་ལ་མ་ལྟོས་པར། གང་ལྟར་འདིས་དོན་གནད་རྣམས་ལྷ་སའི་ནང་གི་གཞུང་འཛིན་གྲལ་རིམ་ཉུང་བའི་སྐོར་ཁག་ གི་ལྐུགས་ལས་ཤིག་གི་ནང་དུ་བསྡུ་བའི་ཞབས་འདེགས་ཉག་གཅིག་སྒྲུབ་པ་རེད།
མགོ་འཛུགས་སའི་གནད་དོན།

ཐ་ ན་གྷོལ་ཌི་སི་ཐེན་གྱིས་ཁོའི་རྒྱལ་རབས་ཀྱི་མགོ་འཛུགས་ས་ལ་ ༡༩༡༢ ལོ་འདམས་པ་དེས་བསམ་ཚུལ་གཅིག་ལ་བོད་ཀྱི་རྒྱལ་རབས་ཀྱི་ཉམས་རྒུད་སྟོན་པ་ནི་ ཤེས་དཀའ་བ་ཞིག་མ་རེད། ད་དུང་འདིས་བོད་འདི་དེང་རབས་འཛམ་གླིང་ནང་ཞུགས་པའི་དུས་སྐབས་དེ་ལོག་འགྲེལ་ བྱས་ཡོད་པ་རེད། ཁ་ཆེ་དང་དབུས་ཤར་གྱི་རྒྱལ་རབས་ཐད་པཱི་རིན་སི་ཊོན་གྱི་མཁས་པ་གླེང་རྙོག་ཅན་ ཡིན་ན་ཡང་འབྲས་བུ་གཟེངས་ཐོན་ཅན་བྷི་ནེར་ཌི་ ལི་ཝི་སེ་ (Bernard Lewis) ཡིས་ང་ཚོ་ལ་བཤད་རྒྱུར། “རྒྱལ་རབས་ལོག་འགྲེལ་”པ་ཚོས་འཁྱོག་བཤད་བྱེད་པ་ནི་ ཁོར་ཡུག་གང་འཚམས་ཤིག་ཏུ་ ཐ་ན་ མགོ་འཛུགས་ས་ལྟ་བུ་དོན་ཆུང་ནས་ཀྱང་ཁོའི་དམིགས་ཡུལ་སྒྲུབ་ཡོང་། ཞེས་བཤད།

“གལ་ སྲིད་མི་གཅིག་གིས་རྒྱལ་རབས་ཀྱི་བརྗོད་གཞི་ལ་རྩོམ་དང་དེབ། གཏམ་བཤད་ཅིག་བྱེད་པ་ཡིན་ན་མི་དེས་མཚམས་གང་རུང་ཞིག་ནས་མགོ་འཛུགས་བྱེད་དགོས་ ལ། འདམ་ཁ་དེས་ཡོང་རྒྱུའི་མཇུག་འབྲས་ཐད་སྔོན་དཔག་གང་འཚམས་བྱེད་ཐུབ། མགོ་འཛུགས་ས་དེ་གང་ཡིན་ཀྱང་བཅོས་མའི་ཚད་མཐོ་ཙམ་གྱི་ནང་ཡོད་པ་ནི་དགོས་ངེས་པ་ ཞིག་ཆགས། རྒྱལ་རབས་ནི་མཚམས་ཆད་དུ་མེད་པའི་རས་ཡུག་ཅིག་རེད་ལ། གལ་ཆེ་ཆུང་བསྡུར་བ་ནི་རྒྱལ་རབས་པའི་འདོད་བབས་ཤིག་ཡིན་པ་ལས་རྒྱལ་རབས་ཀྱི་ བྱུང་རིམ་ཁྲོད་ཀྱི་བདེན་དོན་ཞིག་མ་རེད། གཟབ་ནན་གྱིས་འདམ་ཁ་བྱེད་པ་བརྟེན་ནས་རྫུན་བཤད་ངོ་མ་ལ་ལག་པ་མ་འཆང་བར་རྒྱལ་ རབས་འཁྱོག་ཏུ་འཇུག་ཐུབ།  དཔེར་ན། ཨ་མི་རི་ཀ་དང་ཉི་ཧོང་བར་གྱི་འབྲེལ་ལམ་སྐོར་འབྲི་མཁན་གཅིག་གིས་ཧི་རོ་ཤི་མཱ་ ནས་མགོ་བཙུགས་ཆོག་ལ། ད་དུང་པི་རེལ་ ཧཱར་བྷོར་ནས་མགོ་བཙུགས་ཆོག  ཐ་ན་གནས་ཚུལ་དག་གི་འགྲེལ་བཤད་རྣམས་ཧ་ལམ་གཅིག་པ་གཅིག་རྐྱང་ཡིན་ན་ཡང་། གལ་སྲིད་གནས་ཚུལ་མགོ་འཛུགས་ས་གཞན་དང་ཅིག་ཤོས་དེ་ཡིན་ན་ཧ་ཅང་མི་འདྲ་བ་ཞིག་ མཐོང་གི་རེད།”༼༧༽

3 ཀ་ལི་ཀ་ཏར་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ།
གྷོལ་ཌི་སི་ཐེན་གྱི་ བོད་ཀྱི་དེང་རབས་རྒྱལ་རབས་ཤིག་ ཅེས་པ་འདིའི་མགོ་འཛུགས་ས་ནི་ ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དབྱིན་ཇིའི་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་ ༡༩༡༢ ལོར་ཕྱིར་ལྷ་ས་ལ་ཆིབས་བསྒྱུར་གནང་བ་དེ་རེད། འདི་ཐོག་དང་པོར་བོད་ཀྱི་དེང་རབས་རྒྱལ་རབས་མགོ་འཛུགས་པའི་གནད་འགག་རྒྱུ་མཚན་ ཅན་ཞིག་ཡིན་པ་འདྲ་བོ་ཡོད་རེད། དུས་ཚོད་འདི་ནས་གྷོལ་ཌི་སི་ཐེན་གྱིས་ང་ཚོ་ལ་དེང་རབས་ཅན་དང་བཅོས་བསྒྱུར་ཐད་ ལ་བོད་ཀྱིས་འབད་བརྩོན་བྱེད་པ་དེ་བཤད་གི་ཡོད། ཁོས་ད་དུང་དེང་རབས་ཅན་དུ་བསྒྱུར་བ་འདི་ཧ་ལམ་བརྒྱ་ཆ་བརྒྱ་ཐམ་པའི་ཐོག་ནས་ དབྱིན་ཇིའི་ཤུགས་རྐྱེན་འོག་ཡིན་པ་དང་། ཐ་ན་དམག་དང་རྒྱལ་ཞེན་པའི་ཁྲོད་ཀྱི་བོད་ཀྱི་དཔོན་རིགས་ཚོ་ནི་དབྱིན་ཇིའི་དགའ་ གྲོགས་ཡིན་པ་དང་ངོ་མ་བཤད་ན་དབྱིན་ཇིས་ཤུགས་རྐྱེན་ཐེབས་ཡོད་པ་རེད་ཅེས་ང་ཚོ་ ལ་མཐོང་འཇུག་གི་རེད།

རྒྱའི་ གྲོགས་པོའམ་ཡང་གཡོན་ཕྱོགས་ཀྱི་རྒྱལ་རབས་པ་ཚོས་བཟུང་བའི་བོད་ཀྱི་དེང་རབས་ རྒྱལ་རབས་ཐད་ཀྱི་ལྟ་ཚུལ་གནད་འགག་ཆེ་བའི་གྲས་ཀྱི་གཅིག་ནི། བོད་རྒྱལ་ཁབ་རང་བཙན་ཡིན་པའི་ལྟ་ཚུལ་དེ་དུས་རབས་ཉི་ཤུ་བའི་མགོ་སྟོད་ཙམ་ལ་ བྱུང་ཡོད་པ་དང་། དེ་ཡང་ཤུགས་ཆེར་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་པའི་བཀོད་བྱུས་ཀྱིས་བཟོས་པ་ ཞིག་དང་ “བསྐྲུན་པ་ཞིག་”ཡིན་པ་དང་། བཙན་རྒྱལ་བའི་དཔོན་རིགས་དཔེར་ན་ཆཱར་ལེ་སི་ བྷེལ་ (Charles Bell) བྷེ་སེལ་ གྷོལ་ཌི། (Basil Gould) ཧཱུ་ རི་ཆར་ཌི་སཱོན་ (Hugh Richardson) སོགས་ཀྱིས་དབྱིན་ཇིའི་རྒྱ་གར་དང་རྒྱ་ནག་༼ཐ་ན་ར་ཤི་ཡཱ་༽བར་གྱི་བར་གནས་རྒྱལ་ ཁབ་ཅིག་འཛུགས་ཆེད་ཇུས་འགོད་དང་ལག་བསྟར་བྱས་པ་ཞིག་རེད་ཅེས་པ་འདི་རེད། རྒྱ་མིའི་རྒྱལ་རབས་པ་ཚོས་ལྟ་ཚུལ་འདིའི་ཆ་དང་པོ་དེ་ཁས་ལེན་ན་ཡང་ “བར་གནས་རྒྱལ་ཁབ་”ཟེར་བ་དེ་ངོས་ལེན་མ་བྱས་ཤིང་། དབྱིན་ཇིས་བོད་འདི་མེས་རྒྱལ་ལས་གཏན་དུ་ཁ་བྲལ་བ་ཞིག་བཟོ་འདོད་ཡོད་པ་རེད་ཅེས་ ཨུ་ཚུགས་རྒྱག་གི་ཡོད། སྤྱི་ཡོངས་ནས་ གལ་སྲིད་མི་གཅིག་གིས་ ༡༩༡༢ ལོ་ནས་ལོ་རྒྱུས་ཀྱི་མགོ་བཙུགས་པ་ཡིན་ན་ འདི་ནི་ “རྫུན་བཤད་ངོ་མ་ལ་ལག་པ་མ་འཆང་བར་” ནུས་པ་ཆེན་པོས་སྟོན་ཐུབ་པའི་བོད་ཀྱི་དེང་རབས་རྒྱལ་རབས་ཀྱི་རྣམ་པ་དེ་རེད།

ཡིན་ ན་ཡང་། གལ་སྲིད་ང་ཚོས་དུས་ཚོད་སྔ་སྣུར་གྱིས་དཔེར་ན་ ༡༨༧༦ ལོ་ལྟ་བུ་ལ་ཆ་བཞག་པ་ཡིན་ན། སྐབས་དེར་རང་གི་མགོ་འཁྲིད་ཚོས་ ༼དྲང་པོ་དང་དངོས་ཡོད་ཀྱི་ཐོག་ནས་༽བོད་ཀྱི་རང་དབང་དང་ཆེ་མཐོང་ལ་ཕོག་དུག་ གཏོང་རྒྱུར་དབྱིན་ཇི་དང་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་མཉམ་འབྲེལ་ངན་བྱུས་ དེ་ཚོར་རྒོལ་རྒྱུ་ལ་བོད་འདིས་རང་རྐྱ་འཕེར་བ་དང་ཐ་ན “རྒྱལ་སྲུང་”གི་བསམ་བློ་ཕར་རྒོལ་བྱེད་ཕོད་པ་ཡོད་པའི་རྣམ་པ་ཞིག་ང་ཚོས་མཐོང་ གི་རེད། ༡༨༧༦ ལོར་དབྱིན་ཇི་དང་རྒྱ་ནག་གོང་མས་ ཆི་ཧྥོ་ (Chefoo) གྲོས་མཐུན་ཟེར་བ་དེ་ལ་མིང་རྟགས་བཀོད་ཅིང་། དེའི་ནང་གི་དོན་ཚན་གཅིག་གིས་དབྱིན་ཇིས་ལྟ་རྟོག་ལས་དོན་སྐོར་ཁག་ཅིག་བོད་ བརྒྱུད་ནས་གཏོང་རྒྱུར་ཆོག་མཆན་སྤྲད་ཡོད་པ་རེད། རྒྱ་མིས་གྲོས་མཐུན་འདི་ནི་ནུབ་ཕྱོགས་ཀྱིས་ཁོ་ཚོའི་སྟེང་ “འདྲ་མཉམ་མེད་པའི་གྲོས་མཐུན་”བཞག་པའི་ཁོངས་སུ་བརྩི་ན་ཡང་། བོད་དང་འབྲེལ་བའི་དོན་ཚན་དེ་དབྱིན་རྒྱ་གཉིས་བར་དུ་གཉིས་ཕན་གྱི་རྩིས་ངན་ཞིག་ ཏུ་ཉར་འཇོག་བྱས་པ་རེད། བོད་ལ་འབྲེལ་གཏུགས་མ་བྱས་པའི་སྟབས་ཀྱིས་ “བོད་ཀྱི་གྲོས་ཚོགས་”ཀྱིས་དབྱིན་ཇི་བོད་དུ་འཛུལ་རྒྱུ་འདི་ནི་ཁས་ལེན་མ་བྱས་ པ་རེད། ཨ་ལེས་ཊ་ཨེར་ ལེམ་བི་ (Alastair Lamb) ལྟར་ན། “རྒྱ་མིས་རང་གི་གོང་མས་ཆོག་མཆན་སྤྲད་པའི་ལས་དོན་ཞིག་ལ་དགག་བྱ་བྱས་པའི་རྒྱུ་ མཚན་གྱིས་བོད་མི་ཚོར་ཁ་རྡུང་གཏོང་རྒྱུ་འདེམས་པ་རེད། རྒྱ་མི་ལ་རྩིས་མེད་བྱེད་པའི་རྣམ་པའི་ཚུལ་དུ་ བོད་མི་ཚོས་ ཆུམ་འབི་ནས་འབྲས་ལྗོངས་བར་གྱི་བགྲོད་ལམ་བཀག་པ་དང་ ལིང་ཐུ་(Lingtu) སྒོ་ཕྱེས་པ་རེད། ༼༨༽རྒྱ་ མི་དང་དབྱིན་ཇི་ལ་བརྩིས་མེད་བྱེད་པའི་ལས་དོན་འདིའི་ནང་། དབྱིན་ཇིས་འབྲས་ལྗོངས་ཀྱི་ས་ཆའི་ནང་མེལ་ལེ་བཅུ་གསུམ་ཡོད་པར་བརྩི་བའི་ལིང་ ཐུ་༼ཡང་ན་ ལུང་ཐུར་༽ཞེས་པ་དེར་བོད་མི་ཚོས་འཐབ་རྭ་བསླངས་པ་རེད། ཐག་གཅོད་དེ་གསལ་པོར་སྟོན་ཆེད་བོད་མི་ཚོས་འཐབ་རྭ་དེ་ལ་དམག་མི་ལྔ་བརྒྱ་བཞག་པ་ རེད། ཨེལ་ ཨེ་ ཝེ་ཌེལ་ (L. A. Waddell) ལྟར་ན། དོན་དངོས་སུ་བོད་མི་ཚོས་འབྲས་ལྗོངས་ནང་བཙན་འཛུལ་བྱས་ཤིང་། “རྡོ་རྗེའི་གླིང་ནས་མེལ་ལེ་དྲུག་ཅུའི་ས་ཆར་སླེབས་པ་དང་། ཡུ་རོབ་པའི་སྤྲོ་གསེང་བྱེད་ས་དེར་དངངས་སྐྲག་སླེབས་བཅུག་པ་རེད།”༼༩༽ དབྱིན་ཇིས་ བོད་མི་རྣམས་མཐར་སྐྲོད་གཏོང་ཆེད་དམག་དཔོན་ གྷ་རཱམ་ (Graham) གྱི་འོག་ནས་དམག་མི་སྟོང་ཕྲག་གཉིས་དང་མེ་སྒྱོགས་བཅས་བཏང་བ་རེད། སྒྱོགས་མདེལ་འཕངས་པ་དང་རྐང་དམག་གིས་མདའ་འཕེན་དེ་ཚོས་མཐའ་མ་དེར་བོད་མི་རྣམས་ ལུང་ཤར་ནས་ཕྱིར་འདེད་བྱས་པ་རེད། “ཡིན་ན་ཡང་བོད་མི་ཚོའི་རང་གི་མཚོན་ཆ་རྙིང་པ་ཡིན་མིན་ལ་མ་ལྟོས་པར་དཔུང་ངོམ་ འདི་ལ་བརྟེན་ནས་བློ་ཕམ་བྱུང་མེད་པ་རེད།”ཅེས་ལེམ་བི་ཡིས་བཤད་འདུགཟླ་ བ་ལྔ་བའི་ནང་། བོད་མི་ཚོས་གནའ་ཐོང་ (Gnatong) དུ་ཡོད་པའི་དབྱིན་ཇིའི་དམག་སྒར་ལ་གློ་བུར་ཕར་རྒོལ་བྱས་ཤིང་། མཐའ་མཚམས་དེར་ལྟ་སྐོར་ལ་བསྐྱོད་བཞིན་པའི་བྷང་གྷལ་གྱི་གཞུང་འཛིན་པ་གཞོན་པ་ དེ་འཛིན་ཐུབ་གྲབས་བྱས་པ་རེད་ལ། ཁོང་ཚོ་ལ་སྲོག་སྐྱོན་ཚབས་ཆེ་ཕོག་ཡོད་པ་རེད།”༼༡༠༽ ཝེ་ཌེལ་གྱིས་ད་དུང་བོད་མི་ཚོས་དཔའ་ངར་གྱིས་འཛིང་ཞིང་ “བློ་ཁོག་ཆེ་ཞིང་འདུན་པ་བརྟན་པ་དེ་”བསྟན་སོང་ཞེས་བཤད་ཡོད། ཝེ་ཌེལ་གྱིས་ བོད་ཀྱིས་བཙན་འཛུལ་”བྱེད་པའི་རྒྱུ་རྐྱེན་འཕར་མ་ཞིག་ནི་དབྱིན་ཇིས་འབྲས་ ལྗོངས་ལ་དབང་བསྒྱུར་བྱས་པ་དེ་ཡིན་ཞིང་། བོད་མི་ཚོས་འདི་ནི་ཁྲིམས་མཐུན་གྱི་ཐོག་ནས་རང་གི་ཤུགས་རྐྱེན་སླེབས་པའི་ས་ ཁུལ་ཞིག་ཡིན་པར་འདོད་པ་རེད་ཅེས་ངོས་འཛིན་བྱས་འདུག ལུང་ཐུར་དུ་རྒྱ་ཆེའི་ཕམ་ཉེས་བྱུང་བ་ལ་མ་ལྟོས་པར་བོད་མི་ཚོས་དབྱིན་ཇིས་བོད་ དུ་ལས་དོན་སྐོར་ཁག་གཏོང་རྒྱུའི་ཐོབ་ཐང་ཡོད་ལུགས་དེ་ཨུ་ཚུགས་མཐར་བསྐྱལ་གྱིས་ ཁས་ལེན་མ་བྱས་པ་རེད་ལ། དེ་བཞིན་རྒྱ་ནག་ལ་དེ་འདྲའི་འགྲུལ་བསྐྱོད་ཀྱི་ཆོག་མཆན་སྤྲོད་རྒྱུའི་ཐོབ་ཐང་ ཡོད་པ་ཡང་ཁས་ལེན་མ་བྱས་པ་རེད།

བོད་ མིའི་ཨུ་ཚུགས་མཐར་བསྐྱལ་དེས་དབྱིན་ཇིས་གཅིག་བྱས་ན་ “བོད་ནང་གི་རྙོག་ཟིང་ཅན་གྱི་ཁེ་ཕན་” བློས་གཏོང་བ་དང་། དམིགས་བསལ་གྱིས་རྒྱ་ནག་གི་བོད་ཐོག་རང་མཐོའི་འཛིན་སྟངས་ཡོད་པ་དེ་ལ་དགག་བྱ་མ་ བྱས་པའི་ངོས་ནས་ དབྱིན་ཇིས་རྒྱ་ནག་གི་ལག་ནས་རང་གིས་དབང་བསྒྱུར་བའི་བྷར་མ་ལ་གཞུང་འབྲེལ་གྱི་ ངོས་འཛིན་ཐོབ་པ་བྱེད་པ་ནི་སྤྱང་པོ་དེ་རེད་༼ཕྱི་རྒྱལ་གསང་བའི་ལས་ཁུངས་ཀྱི་ སྙན་ཐོར་འཁོད་པ་ལྟར།༽ཅེས་པའི་ཐག་གཅོད་འདི་ལ་སླེབས་བཅུག་པ་རེད། སྔོན་ཆད་རྒྱ་ནག་གིས་བྷར་མ་དེ་སྐྱེས་འབུལ་རྒྱལ་ཁབ་ཀྱི་གྲས་སུ་བརྩི་ན་ཡང་། དབྱིན་ཇིས་ལམ་ལྷོང་ཅན་གྱི་དམག་འཁྲུག་གསུམ་གྱི་རྗེས་སུ་ ༡༨༨༥ ལོར་ལུང་པ་འདི་ཆ་ཚང་དབང་བསྒྱུར་བྱས་པ་རེད། དབྱིན་ཇིས་བྷར་མ་ལ་དབང་བསྒྱུར་གྱི་ཁྲིམས་མཐུན་ངོས་ལེན་དེས་མཱན་ཇུའི་གཞུང་ལ་ རྒྱ་ནག་གི་བོད་ཐོག་དབང་བསྒྱུར་ཡོད་ཚུལ་ཐད་སྐྱེས་ལན་གྱི་ངོས་འཛིན་འདི་ལེན་ ཐུབ་པ་བྱུང་བ་རེད།

གཞུང་ གི་ཡིག་ཆ་ཞིག་(Sikkim Gazetter) གིས་དུས་དེར་དབྱིན་ཇིས་བོད་ལ་ལྟ་སྟངས་ངོ་མ་དེ་གསལ་པོར་སྟོན་གྱི་འདུག  “ང་ཚོ་ཚན་རིག་གི་མཚར་སྣང་དེའི་ཁེ་ཕན་དང་དེ་ལ་ཡིད་ཆེས་དཀའ་བའི་ཚོང་པའི་ དཀྲོག་གཏམ་གྱིས་རྒྱབ་རྩ་བྱས་པ་འདིའི་ཆེད་དུ་བོད་དུ་བཙན་ཤེད་ཀྱིས་ཕྱིན་ནས་ རྒྱ་ནག་གི་མཛའ་བཤེས་ཡོང་སྲིད་པ་དེ་ཚོ་ལ་ཕོག་ཐུག་གཏོང་བ་ནི་ཧ་ཅང་གླེན་རྟགས་ ཀྱི་ཟུར་ཅིག་མ་རེད་ཅེས་སུས་ཁས་ལེན་མི་བྱེད་པ་རེད།” ཅེས་བྲིས་འདུག༼༡༡༽  ཨ་ལེས་ཊ་ཨེར་ ལེམ་བི་ (Alastair Lamb) ཡིས། “བསམ་བློའི་འཁྱེར་སོ་འདི་བཟུང་ནས་རྒྱ་གར་གཞུང་གིས་བོད་ལ་ཐེ་བྱུས་མ་བྱས་པར་ དབྱིན་ཇིའི་རྒྱ་གར་དང་རྒྱ་ནག་བར་གྱི་མ་འོངས་པའི་འབྲེལ་བ་ཐག་གཅོད་བྱེད་ རྒྱུའི་རེ་བ་བྱས་པ་རེད།"ཅེས་བསྣན་འདུག

4རྡོ་རྗེ་གླིང་དུ་བཤད་སྒྲ་ཞབས་པད།
ལོ་ངོ་འདི་དག་གི་རིང་ལ་དབྱིན་ཇི་དང་རྒྱ་ནག་གི་བར་དུ་བོད་དམ་ཡང་ན་འབྲས་ ལྗོངས་ལ་འབྲེལ་བའི་གྲོས་མོལ་དང་གྲོས་མཐུན་གང་བྱུང་ཚང་མའི་ནང་བོད་དེ་རྐང་ བཙུགས་ནས་ཕྱི་ལོགས་སུ་བཞག་པ་རེད། ༡༨༩༣ ལོར་རྡོ་རྗེ་གླིང་དུ་ཚོང་འབྲེལ་གྱི་གྲོས་མོལ་བྱེད་༼འབྲས་ལྗོངས་དང་བོད་བར་ གྱི་གྲོས་མཐུན་ལ་བསྐྱར་ཞིབ་བྱེད་རྒྱུ་ཡིན་པ།༽སྐབས་དེར་བཀའ་ཤག་གིས་ན་གཞོན་ བཀའ་བློན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ་དེ་དེའི་ལས་རིམ་ལ་སོ་རྟོག་ཆེད་བཏང་བ་ རེད། བཤད་སྒྲ་དེར་འབྱོར་བ་ལ་དབྱིན་ཇི་ཁོང་ཁྲོ་ལངས་པ་འདྲ་ལ། ཁོང་ལ་ “དམའ་འབེབས་བྱེད་དགོས་པའི་ཆོག་མཆན་སྤྲད་ཡོད་པ་རེད།” ༼ལེམ་བི་༽ དབྱིན་ཇིའི་དམག་མི་སྐོར་ཞིག་གིས་ཁོ་རྟ་ཐོག་ནས་ཕབ་སྟེ་ ཆུ་རོ་རྩའི་ཁྲོམ་གཞུང་ (Chowrasta square) གི་ཆུ་རྫིང་དུ་འཕངས་པ་རེད་ཅེས་པ་ཡོངས་གྲགས་རེད། བཤད་ཚུལ་གཞན་ཞིག་ལ་བཤད་སྒྲའི་གཡོག་པོ་ནི་མྱངས་མཁན་དེ་རེད་ཟེར། གནས་ཚུལ་འདི་ལ་དབྱིན་ཇིའི་ཡིག་ཆ་ཡོད་ཚད་ཀྱི་ནང་དུ་དམག་ཞབས་ཆུང་གྲས་རྩེད་མོ་ ལ་དགའ་མཁན་ཞིག་གིས་བྱས་པའི་སྟབས་མ་ལེགས་པའི་རྩེད་མཚར་ཞིག་རེད་ཅེས་འགྲེལ་ བརྗོད་བྱས་ན་ཡང་། རྡོ་རྗེ་གླིང་དུ་སྡོད་པའི་བོད་མི་རྙིང་བ་ཚོས་འདི་ནི་དབྱིན་ཇིས་བོད་མིའི་ “སྤོབས་པ་མཐོ་བོ་”ལ་དམིགས་ནས་ངོ་ཚ་འབེབས་ཆེད་རྐང་བཙུགས་ནས་བྱས་པ་ཞིག་ཡིན་ པར་ཡིད་ཆེས་བྱས་པ་རེད། ༼༡༢༽

དབྱིན་ རྒྱ་གཉིས་ལ་བོད་ཀྱིས་བརྩི་འཇོག་མ་བྱས་པ་འདི་ནི་དབྱིན་ཇིས་བོད་ཀྱི་བསྟན་པ་ འཇོམས་ཀྱི་རེད་སྙམ་པའི་བོད་ཀྱི་འཇིགས་དངངས་དེ་ལས་བྱུང་བའི་རྣམ་རྟོག་དང་ རྨོངས་པའི་མཇུག་འབྲས་ཤིག་རེད་ཅེས་ད་བར་གྱི་ལོ་རྒྱུས་ཕལ་ཆེ་བའི་ནང་གལ་ཆུང་ དུ་བརྩིས་ཡོད་པ་རེད། འགོག་རྒོལ་འདི་ནི་གཅིག་བྱས་ན་བོད་ཀྱི་རྒྱལ་གཅེས་ཀྱི་སེམས་ཤུགས་ལས་བྱུང་ཡོད་ སྲིད་པ་དེ་ལ་ནམ་ཡང་གཟབ་ནན་གྱིས་བསམ་བློ་ཞིག་བཏང་མེད། མཚམས་རེར་རྣམ་འགྱུར་འདི་མི་མངོན་པའི་ཐོག་ནས་ཁྱད་གསོད་བྱས་ཡོད་དེ། བོད་མི་རྣམས་ནི་ “ཡར་ཐོན་ཅན་”མིན་པ་དང་། ཡང་ན། རྒྱལ་གཅེས་པ་ཞིག་ཏུ་འགྱུར་རྒྱུར་ “གོ་རྟོགས་”འདང་ངེས་མེད་པར་བརྗོད་ཡོད། བརྗོད་གཞི་འདིའི་ཐད་ཀྱི་སློབ་སྦྱོང་བྱས་པ་ཕལ་ཆེ་བ་ནི།  སྤྱིར་བཏང་གིས་བཤད་ན། ཨེ་ཤེ་ཡ་དང་ཨ་ཧྥི་རི་ཀའི་ནང་གི་རྒྱལ་གཅེས་པ་དང་རྒྱལ་ཁབ་ཀྱི་ངོ་བོ་ཞེས་པ་དེ་ ཚོ་ཏག་ཏག་ཡུ་རོབ་དང་ཨ་མི་རི་ཀའི་ནང་གི་དབང་བསྒྱུར་བྱས་པའི་ལུང་པ་དེ་ཚོའི་ ནང་ཚུགས་ཟིན་པའམ་ལག་བསྟར་བྱས་པ། དཔེ་ལེན་བྱས་པའི་ “བཟོ་དབྱིབས་”དེ་ཚོའི་རྗེས་སུ་འགྲོ་བའི་གཞི་རིམ་གྱི་ཤེས་ཡོན་ཅན་པའི་འགྲེལ་ བཤད་རྙིང་བ་དེ་ཚོའི་རྗེས་སུ་ཕྱིན་ཡོད་པ་རེད།

ད་ ལྟའི་ཆ་ལ་དེ་འདྲའི་ལྟ་ཚུལ་ནི་ཆ་མ་ཚང་བ་དང་འདེམ་གསེས་བྱས་པ་ཞིག་ཏུ་ངོས་འཛིན་ བྱེད་པ་རེད་ལ། ཨེ་ཤ་ཡའི་རྒྱལ་གཅེས་བསམ་བློ་དེ་ “འཆར་སྣང་བྱས་པ་རེད་”དང་ “གསར་འཛུགས་བྱས་པ་རེད་”ཞེས་པའི་ལྟ་ཚུལ་འདི་ནི་ཧ་ལམ་རྩིས་མེད་དུ་ཕྱིན་ཡོད་པ་ རེད། བརྗོད་གཞི་འདི་ལ་ཁྱད་མཁས་དཔེར་ན་ པཱར་ཐཱ་ ཅཱ་ཐར་ཇེ་ (Partha Chatterjee) ༼རྒྱལ་ཁབ་དང་དེའི་ཆ་ཤས་ཁབ། The Nation and Its Fragments༽དང་པ་རན་སེན་ཇི་ཊ་ ཌུ་རཱ་ (Prasenjit Duara) ༼རྒྱལ་ཁབ་ནས་རྒྱལ་རབས་སྐྱོབ་པ།-དེང་རབས་རྒྱ་ནག་གི་ལོ་རྒྱུས་ལ་དྲི་བ་འདོན་པ། Rescuing History from the Nation: Questioning Narratives of Modern China༽ཡིས་ང་ཚོར་ཨེ་ཤ་ཡའི་རྒྱལ་གཅེས་པའི་སྐོར་ལ་སྣ་འཛོམས་ཆེ་བ་དང་མི་འདྲ་ བའི་ལྟ་ཚུལ་འཁྱེར་ཡོང་ཡོད་ལ།  དེར་ས་གནས་ཀྱི་ལོ་རྒྱུས་དང་རིག་གཞུང་། ཐ་ན་ཆོས་ལུགས་ཀྱི་གནས་སྟངས་ནི།  ཡུ་རོབ་པ་དང་ཨ་མི་རི་ཀ་བའི་དབང་བསྒྱུར་བ་དང་རྒྱལ་པོའི་སྟོབས་ཤུགས་ཀྱི་ངན་ བྱུས་སམ་ཡང་ན་ཤུགས་རྐྱེན་དེ་ཨེ་ཤ་ཡའི་རྒྱལ་གཅེས་ཀྱི་འཕེལ་རིམ་ལ་འབྲེལ་བ་ ཡོད་པ་ལས་ཆུང་བ་ཞིག་མ་རེད་ཅེས་བརྗོད་ཡོད་པ་རེད།
དེས་ན། ༡༩༨༥ ལོའི་ཟླ་བཅུ་གཅིག་པའི་ནང་ བོད་ཀྱི་གྲྭ་པ་རྩེ་དྲུང་བསྟན་འཛིན་དབང་པོ་དང་ལྷན་དུ་དབྱིན་ཇིའི་ལས་བྱ་ ནཱོ་ལན་ དང་ ཁི་ལ་འུ་ཌི་ ཝའི་ཊི་ (Nolan and Claude White) གཉིས་ཀྱིས་སྐད་ཆ་བཤད་པའི་ནང་དོན་ལ་ལྟ་རྒྱུ་ནི་རིན་ཐང་ཡོད་པ་ཞིག་ཡིན་སྲིད་པ་ རེད།  སྐད་ཆ་འདི་ནི་བོད་དམག་གིས་འབྲས་ལྗོངས་ས་མཚམས་སུ་དབྱིན་ཇིས་བསླངས་པའི་ས་ མཚམས་རྡོ་རིང་རྣམས་རིལ་ནས་བཅག་པ་དང་། དབྱིན་ཇིས་འབྲས་ལྗོངས་ཀྱི་ས་ཁོངས་སུ་བརྩི་བའི་ གའོ་སྒོང་ ཞེས་པར་ཡང་བསྐྱར་བོད་དམག་བཞག་པ་ཤེས་རྗེས་སུ་བྱུང་བ་རེད། ཨ་ལེས་ཊ་ཨེར་ ལེམ་བི་ (Alastair Lamb) ཡིས་བྲིས་དོན། “ནཱོ་ལན་གྱིས་རང་གིས་བསྟན་འཛིན་དབང་པོ་དང་ལྷན་དུ་སྐད་ཆ་བཤད་པའི་མཇུག་སྡོམ་ བྱས་དོན་ལ། གའོ་སྒོང་ ཞེས་པར་ཡོད་པའི་བོད་ཀྱི་མཐའ་མཚམས་ལྟ་སྲུང་དེས་ནི་བོད་ཀྱི་རྒྱལ་གཅེས་མཚོན་ གྱི་ཡོད་པ་དེ་ ཉེ་ལམ་ ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དགུང་ན་སོན་པའི་རྐྱེན་གྱིས་ཤུགས་ཇེ་ཆེར་བཏང་བ་ ཞིག་ཡིན་པ་དང་། བསྟན་འཛིན་དབང་པོས་བཤད་དོན་ལ། བོད་མི་ཚོས་ཁོང་ཚོའི་ཚབ་བྱས་ནས་དབྱིན་རྒྱ་གཉིས་ཀྱིས་གྲོས་བསྡུར་བྱས་པའི་ གྲོས་མཐུན་ཞིག་ལ་ཆ་འཇོག་བྱེད་དགོས་པར་མི་འདོད་ལ། དེ་འདྲའི་གྲོས་མཐུན་དུ་འཁོད་པའི་མཐའ་མཚམས་སྐོར་གླེང་སློང་བྱེད་རྒྱུ་མིན་པ་ རེད། འོན་ཀྱང་བོད་མི་ཚོས་མཐའ་མཚམས་སྐོར་བོད་རང་གི་ས་ཁྲ་དང་བསྟུན་ནས་གླེང་སློང་ བྱེད་འདོད་ཡོད་པ་རེད། ཡིན་ན་ཡང་། བསྟན་འཛིན་དབང་པོས་ནན་བཤད་བྱས་དོན་ལ། “གྲོས་མཐུན་དེས་ཆ་རྐྱེན་དུ་བཞག་པ་ཙམ་ལ་བརྟེན་ནས་བོད་ཀྱིས་ས་ཆ་བློས་གཏོང་གི་ མ་རེད།”ཅེས་བཤད་པ་རེད། ༼༡༣༽

དུས་ ཚོད་འདི་ཙམ་ལ་རྡོ་རྗེ་གླིང་དུ་སྡོད་མཁན་གྱི་ ཨེལ་ ཨེ་ ཝེ་ཌེལ་ (L. A. Waddell) གྱིས་བོད་ཀྱི་བཀའ་བློན་བཤད་སྒྲ་ཞབས་པད་དང་ལྷན་དུ་གླེང་མོལ་ལན་མང་པོ་བྱས་པ་ རེད། ལྷ་ས་རུ་རྒྱལ་ཚབ་དྭེ་མོ་རྒྱའི་ཨམ་བཱན་དང་ངན་འབྲེལ་ཡོད་པ་ལ་མི་མང་ཁོང་ཁྲོ་ ལངས་པ་ལ་བརྟེན་ནས་བོད་ནང་དུ་རྒྱལ་གཅེས་ཀྱི་ངར་ཤུགས་གསར་པ་ཞིག་ལངས་པ་དེ་ གཅིག་བྱས་ན་ཁོང་བརྒྱུད་ནས་ཁོས་ཤེས་པ་རེད། རྒྱལ་གཅེས་པའི་ལས་བྱ་ཚོའི་ངོས་ནས། ཕྱོགས་ཁག་དེ་གཉིས་ཀྱིས་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ན་གཞོན་འདི་ལ་རྒོལ་བའི་ ངན་བྱུས་ཤིག་འདིང་བཞིན་པའི་ཡིད་ཆེས་བྱས་པ་དང་། རྒྱའི་ཨམ་བཱན་དང་རྒྱལ་ཚབ་ཚོའི་ཁེ་ཕན་དུ་འགྲོ་བའི་ “ཡ་མཚན་གྱི་རྣམ་པ་ཞིག་”གི་ནང་དུ་༧རྒྱལ་བ་སྐུ་གོང་མ་བཞི་དགུང་ན་ཕྲ་སྐབས་ནས་ གྲོངས་པའི་ལས་དབང་འདི་༧རྒྱལ་བ་བཅུ་གསུམ་པས་ཀྱང་མྱངས་ཡོང་བསམས་པའི་དངངས་ སྐྲག་བྱུང་པ་རེད། ཝེ་ཌེལ་གྱིས་མཇུག་སྡོམ་བརྒྱབ་དོན།

“ད་ ལྟའི་༧རྒྱལ་བ་རིན་པོ་ཆེ་ནི་ལུགས་སྲོལ་འདིའི་ནང་མི་འགྲོ་བའི་འགན་ལེན་བྱས་པ་ རེད། དེ་ཡང་ལུང་པ་འདིའི་ནང་གི་གཞུང་ལ་རྒྱ་མིས་རྒྱ་ཆེར་ཐེ་བྱུས་བྱེད་པ་ལ་མངོན་ མེད་ཀྱིས་འགོག་རྒོལ་བྱས་པའི་ཁྲོད་དུ་བོད་ནང་དུ་མི་མང་ཚོགས་པ་ཡར་ལངས་བྱས་ པའི་ཤུགས་རྐྱེན་ལས་བྱུང་བ་རེད། མི་མང་ཚོགས་པ་དེས་ ཧ་ལས་པའི་གཞུང་རྒོལ་ཞིག་ལ་བརྟེན་ནས་ ༧རྒྱལ་བ་རིན་པོ་ཆེ་ན་ཆུང་དེ་ཁོང་གི་སྐུ་གོང་མ་ཚོའི་གོད་ཆག་གི་ལས་དབང་དེ་ལས་ བསྐྱབས་ཤིང་། ཁོང་དང་བོད་གཞུང་དེ་རྒྱ་མིའི་སྙོར་ཐག་ལས་གྲོལ་བ་རེད། ༼འདིའི་ནང་རྒྱལ་ཚབ་དྭེ་མོ་ཁྲི་ལས་གཡུགས་ནས་བཙོན་དུ་བཅུག་ཅིང་། ཨམ་བཱན་དེ་ནུས་མེད་དུ་བཞག་པ་རེད། འཇམ་ནོར་གྱིས།༽

ཝེ་ ཌེལ་ནི་བཤད་སྒྲས་སེམས་འགུལ་ཐེབས་བཅུག་ལ། ཁོང་ “རང་གི་མཐོ་བའི་གོ་གནས་དང་མཐུན་པའི་ཚོད་ཀྱིས་”ངོས་འཛིན་མ་བྱས་པ་དང་། ཁོང་དབྱིན་ཇིའི་གྲོས་མོལ་ནང་ཞུགས་མ་བཅུག་པ་དེ་ནི། དབྱིན་ཇིས་བོད་མི་ཚོའི་ཡིད་ཆེས་འགུག་པའི་ “གོ་སྐབས་བླ་ན་མེད་པ་ཞིག་ཤོར་བ་”ཡིན་པར་ཚོར་བ་རེད། ཝེ་ཌེལ་གྱིས་བཤད་སྒྲ་ནི་ “ཧ་ཅང་ཡ་རབས་དང་མཁྱེན་རྒྱ་ཅན་གྱི་མི་ཞིག་ཡིན་པ་དང་། དབྱིན་ཇིའི་དགའ་གྲོགས་ཤིག་ཡིན་པ་ཤེས་པ་རེད། བཤད་སྒྲ་ཡིས་ཝེ་ཌེལ་ལ་བཤད་དོན་ལ། ཁོང་གིས་རྡོ་རྗེ་གླིང་དུ་རང་གི་དུས་ཚོད་འཕྲོ་བརླག་ལ་བཏང་ཡོད་ན་ཡང་། ཁོང་གིས་སླར་ལྷ་ས་ལ་ དབྱིན་ཇིའི་ “ནག་ཉེས་དང་། དེ་བཞིན་ཉེན་རྟོག་པ་དང་མི་སེར་གྱི་ཁྲིམས་ཡིག་”གི་སྙིང་བསྡུས་ཤིག་འཁྱེར་ འགྲོ་རྒྱུ་ཡིན་པ་དང་། དེས་ཁོང་ལ་ཡིད་འགུལ་ཆེན་པོ་ཐེབས་འདུག ཁོང་གིས་བོད་ནང་གི་ཁྲིམས་སྲོལ་བཅོས་བསྒྱུར་གཏོང་འདོད་གནང་ཞིང་། དེ་ཡང་དྭོགས་གཞི་ཅན་དེས་རང་གི་ནག་ཉེས་ངོས་ལེན་མ་བྱས་བར་དུ་ཁྲིམས་གཅོད་བྱེད་ པ་ལྟ་བུའི་རྒྱའི་ལག་ལེན་གྱི་རྗེས་སུ་འབྲངས་ཡོད་པ་འདི་ཚོ་༼འདིའི་ཆ་ཤས་མང་པོ་ ཞིག་མན་ཇུས་ལག་བསྟར་བྱེད་བཅུག་པ་རེད།༽ལོ་ཆུང་བཀའ་བློན་འདིས་དགག་འོས་ཤིག་ཏུ་ མཐོང་བ་རེད།

དབྱིན་ རྒྱ་གཉིས་ཀྱི་དགག་བྱ་ཡོད་པ་དང་བོད་མིའི་ཚེ་སྲོག་ཤོར་མིན་ལ་མ་ལྟོས་པར་བོད་ ཀྱིས་དབྱིན་རྒྱའི་གོང་མའི་ཧམ་སེམས་ལ་བརྩིས་མེད་བྱེད་པ་དེ་ལོ་ངོ་བཅུ་ཕྲག་ གསུམ་གྱི་རིང་རྒྱུན་འཛིན་བྱས་པ་འདི་ཤེས་པ་བྱེད་དགོས། ངོ་མ་བཤད་ན་ ༡༩༠༤ བར་དང་ ཡཱང་གི་ ཧ་སི་བཱན་ཌི་ (Younghusband) ཡི་བཙན་འཛུལ་བར་དུ་བོད་ཀྱི་རྔམ་ཆེ་བའི་རྒྱལ་གཅེས་ལངས་ཕྱོགས་འདི་ལ་འགྱུར་བ་ ཕྱིན་མེད།

དབྱིན་ ཇིའི་བཙན་འཛུལ་དམག་རྣམས་ནི་ཆུ་མིག་ཤངས་པོ་ཟེར་བའི་ས་ཆ་དེར་རང་གི་མེ་མདའ་ འཁོར་ལོ་མ་དང་འཕྲུལ་མདའ་དང་བཅས་དང་། ༼བོད་མི་ཚོ་ལྟར་ན་༽ བསླུ་ཐབས་བཅོས་མ་མེད་དང་བཅས་ཆུ་ཚོད་ཁ་ཤས་ཀྱི་ནང་ཚུད་ལ་བོད་ཀྱི་ལུང་པའི་དམག་ ཁྲལ་དམག་མི་བདུན་བརྒྱ་སྡེབ་གསོད་བྱས་པ་རེད། “ཚབས་ཆེའི་ཚུར་རྒོལ་ཡོད་བཞིན་དུའང་བོད་ཀྱི་དམག་དཔུང་སླར་ཡང་བཀོད་སྒྲིག་འོག་ གནས་ཐུབ་པ་བྱུང་ཞིང་། ཁ་རྒྱབ་ལོག་པ་དང་་བྲོས་འགྲོ་རྒྱུ་དེ་ངོས་ལེན་མ་བྱས་པ་དང་། མེ་མདའི་གྲི་རྩེས་རྟ་དམག་ཡོང་བ་སྔོན་འགོག་བྱེད་ཐབས་བྱས་པ་རེད།”༼༡༤༽ ས་མ་མདའ་དང་སྒང་དམར། ཉེ་ནང་། འཛམ་ཐང་བཅས་སུ་བྱུང་བའི་དེའི་རྗེས་འབྲེལ་གྱི་དམག་འཁྲུག་ཁྲོད་དུ་བོད་མི་ སྟོང་ཕྲག་ཁ་ཤས་ལྷག་གིས་རང་གི་ཕ་ཡུལ་གྱི་ཆེད་དུ་སྲོག་བློས་བཏང་བ་རེད་ལ། དམིགས་བསལ་གྱིས་རྒྱང་རྩེ་རུ་བོད་དམག་གིས་དངོས་གནས་དབྱིན་ཇིའི་དམག་དཔུང་དེ་ སྐབས་གཅིག་གི་རིང་ལ་མཐའ་བསྐོར་ནས་བཀག་པ་རེད། དེ་ནས་རྩོད་རྙོག་འདི་མཇུག་འགྲིལ་ཞིང་དབྱིན་ཇི་ལྷ་ས་ལ་ཕྱིན་ནས་ ༡༩༠༤ ལོའི་ཟླ་བརྒྱད་པའི་ནང་བོད་གཞུང་ལ་བཙན་ཤེད་ཀྱིས་ཆིངས་ཡིག་འཇོག་བཅུག་པ་རེད།

བོད་ མི་ཚོས་ཚུལ་མཐུན་གྱི་ཐོག་ནས་ ༡༨༧༦ ནས་ ༡༩༠༤ བར་གྱི་གནས་ཚུལ་རྣམས་ནི་རང་གི་དེང་རབས་ལོ་རྒྱུས་ཁྲོད་ཀྱི་ལེའུ་དང་པོ་དེ་ ཡིན་པར་ངོས་འཛིན་པ་རེད། དུས་ཚོད་འདིའི་སྐོར་གྱི་ཡིག་ཆ་ཕལ་ཆེ་བ་དང་། དེ་དག་གི་ཡང་མང་ཤོས་དེ་དབྱིན་ཇིའི་ལས་བྱ་བ་དང་མཁས་པ་ཚོས་བྲིས་པ་དེས་ས་གནས་ གྱི་འགོག་རྒོལ་དང་རྒྱལ་གཅེས་པའི་རྣམ་པ་དེ་སྣང་ཆུང་བྱས་ཤིང་། དེའི་ཚབ་ལ་དེ་ཚོ་ནི་བོད་མིའི་ཨུ་ཚུགས་དང་རྣམ་རྟོག་ཡིན་པར་བརྗོད་པ་མ་ཟད། དེ་ལས་ཀྱང་ཆེ་བ་ཞིག་ལ་ཕྱོགས་གཉིས་བར་གྱི་གོ་ནོར་ཐེབས་པ་ཞིག་རེད་ཅེས་བརྗོད་ ཡོད་རེད། དུས་སྐབས་འདི་ལ་བྱུང་བའི་བོད་ཀྱི་དེང་རབས་རྒྱལ་གཅེས་དང་བོད་ཀྱི་ངོ་བོའི་ ཡོང་ཁུངས་ལ་སློབ་སྦྱོང་བྱས་པ་ཞིག་བྱུང་མེད་ལ། འདི་ཡོང་དགོས་པའི་རྒྱུ་རྐྱེན་དང་ཤུགས་རྐྱེན་གྱི་གནད་དོན་དག་ལ་དབྱེ་ཞིབ་བྱས་ པ་ཞིག་ཀྱང་མེད། འདི་འདྲ་བ་ནི་ཧ་ཅང་འགོར་འགྱངས་སུ་སོང་བ་ཞིག་རེད། ངས་བོད་ཀྱི་དེང་རབས་རྒྱལ་རབས་ཁྲོད་ཀྱི་འདི་ཚོའི་འབྱུང་གནས་སྐོར་ལ་ང་རང་གི་ བསམ་འཆར་རེ་ཟུང་འབུལ།

དུས་ རབས་ཉི་ཤུ་བའི་མཇུག་ཏུ་སླེབས་སྐབས་ཨེ་ཤ་ཡའི་ཁྱོན་ཡོངས་སུ་དེང་རབས་ཅན་དང་ སྤྱི་ཚོགས་བསྒྱུར་བཅོས། རྒྱལ་གཅེས་ཀྱི་བསམ་བློ་ཞིག་ཁྱབ་སྤེལ་གྱི་མགོ་ཚུགས་བཞིན་པ་དེས་༧རྒྱལ་བ་རིན་ པོ་ཆེ་དང་ཁོང་གི་ལས་བྱ་ཚོར་ཤུགས་རྐྱེན་ཐེབས་ཡོད་སྲིད་པ་རེད། དཔེར་ན། རྒྱ་གར་དུ་བྷང་གྷལ་གྱི་སྤྱི་ཚོགས་བཅོས་བསྒྱུར་ལས་འགུལ་ (the Bengal Renaissance) ཡོད་པ་རེད་ལ། མན་ཇཱུའི་རྒྱ་ནག་ཏུ་རང་སྟོབས་སྤེལ་བའི་ལས་འགུལ་ (the Self Strengthening (Ziqiang) Movement) དང་ཐཱོང་ཞི་བསྐྱར་ལངས་ (the Tongzhi restoration) ཡོད་པ་རེད། ཡིན་ན་ཡང་ཉི་ཧོང་དེ་བཀས་བཀོད་རྒྱུད་འཛིན་ནས་དེང་རབས་ཀྱི་རྒྱལ་ཁབ་ཅིག་ཏུ་ བསྒྱུར་བའི་མེ་ཇེ་བསྐྱར་ལངས་ (the Meiji Restoration) ཞེས་པ་དེས་དབུས་ཤར་དང་ཤར་ལྷོ་ཨེ་ཤ་ཡ། རྒྱ་ནག་ རྒྱ་གར་བཅས་ཀྱི་ནང་གི་རྒྱལ་གཅེས་པ་དང་བཅོས་སྒྱུར་བ་ཚོར་ཤུགས་རྐྱེན་ཐེབས་པ་ ཇི་བཞིན་ ཧ་ལམ་ཏན་ཏན་༧རྒྱལ་བ་རིན་པོ་ཆེ་སྐུ་གཞོན་དེ་ལ་ཐུགས་སྐུལ་ཐེབས་ཡོད་པ་རེད། རང་ཉིད་མན་ཇུ་གོང་མ་ལ་དཀའ་རྙོག་འཕྲད་བཞིན་པར་གཞིགས་ན་ ༡༨༩༤ ལོར་ཉི་ཧོང་དང་རྒྱ་ནག་གི་བར་དམག་འཁྲུག་ནང་རྒྱ་ནག་གི་ཕམ་ཉེས་ཆེན་པོ་བྱུང་བ་ དེས་ཁོང་གི་ཐུགས་སྣང་འཕེལ་བ་ཞིག་ཏན་ཏན་བྱུང་ཡོད་པ་རེད། ཁོང་གིས་མཁས་པ་གྲགས་ཅན་དགེ་བཤེས་ཚ་བ་ཁྲི་སྤྲུལ་དང་མི་གཞན་གཉིས་ཉི་ཧོང་དུ་ སློབ་སྦྱོང་བྱེད་དུ་བཏང་བ་རེད་ལ། དེ་ནི་ཁོང་གིས་བོད་མི་བཞི་དབྱིན་ཡུལ་དུ་སློབ་སྦྱོང་བྱེད་དུ་བཏང་བ་དེ་ལས་ ཆེས་སྔ་བ་ཞིག་རེད། ༧རྒྱལ་བ་རིན་པོ་ཆེ་ ༡༩༠༨ ལོར་པེ་ཅིན་དུ་ཡོད་སྐབས། ཁོང་གིས་ཉི་ཧོང་དུ་ཕེབས་རྒྱུའི་འཆར་གཞི་བཟོས་ནའང་། མན་ཇུ་གོང་མ་གྲོངས་པའི་རྐྱེན་བྱས་ནས་རང་གི་འཆར་གཞི་དེ་ཕྱིར་འཐེན་གནང་དགོས་ བྱུང་བ་རེད།

སཱར་ ཆེལ་སི་ བྷེལ་ (Sir Charles Bell) གྱིས་ཁོང་ནི་ “བོད་ཀྱི་མི་དམངས་ཀྱིས་གདན་འདྲེན་ཞུས་ནས་ལྷ་ས་ལ་འགྲོ་མཁན་གྱི་ཡུ་རོབ་པ་ཐོག་ མ་”དེ་ཡིན་ཞེས་བྲིས་དུས་དེར། ཁོང་གིས་གཅིག་བྱས་ན་དེའི་སྔོན་དུ་༧རྒྱལ་བ་རིན་པོ་ཆེས་ཉི་ཧོང་པ་ ཏ་ཐ་ ཊོ་གན་དང་ ཨའོ་ཀི་ བཱུན་ཀྱོ་ (Tada Togan and Aoki Bunkyo) གཉིས་ལྷ་སར་ལྟ་སྐོར་དང་གནས་སྡོད་ཀྱི་ཆེད་དུ་སྐད་བཏང་བ་དེ་ཤེས་ཀྱི་མེད་པ་ རེད། ཆོས་ལུགས་མཁས་པ་ཏ་ཐ་ཡིས་ལོ་བཅུའི་རིང་ལྷ་སར་སློབ་སྦྱོང་བྱས་ཤིང་། ཨའོ་ཀི་ཡིས་ཀཱ་ལི་ཀཱ་ཏ་ཡི་ཧྥུ་ཇི་ཏཱ་ནི་ནས་ཐོབ་པའི་ཤེས་ཡོན་སྐོར་གྱི་དེབ་ སྤྱིར་བཏང་བ་དང་ཉི་ཧོང་གི་ཀློག་དེབ། དམག་མིའི་ལག་དེབ་བཅས་བསྒྱུར་བ་རེད། ཁོང་ནི་ “ཉི་ཧོང་གི་གསར་ཤོག་འབྱོར་བ་དང་དབྱིན་ཡིག་གི་གསར་འགྱུར་གྱི་སྙིང་བསྡུས་”༧ རྒྱལ་བ་རིན་པོ་ཆེར་སྙན་གསན་ཞུ་བའི་ “ཕྱི་རྒྱལ་ལས་དོན་ཐད་ཀྱི་སློབ་སྟོན་པ་གཙོ་བོ་”དེ་ཡིན་པ་རེད།  ཉི་ཧོང་པ་གཞན་པ་ཞིག་ནི་ཨུ་རུ་སུ་དང་ཉི་ཧོང་གི་དམག་འཁྲུག་སྐབས་ཀྱི་དམག་མི་ ཟུར་པ་དང་ཏཱོ་ཀྱོའི་དམག་མིའི་མཐོ་སློབ་ཀྱི་དགེ་རྒན་ཡཱ་སུ་ཇི་རོ་ ཡཱ་ཇི་མཱ་ (Yasujiro Yajima) ཡིན་པ་དང་། ཁོང་ལ་བོད་དམག་གི་སྡེ་ཁག་ཆེ་ཤོས་དེ་ལ་སྦྱོང་བརྡར་སྤྲོད་པའི་འགན་སྤྲད་པ་ རེད།  འདི་ནི་དབྱིན་ཇིའི་ལམ་ལུགས་ངོ་སྤྲོད་མ་བྱས་པའི་གོང་ལ་ཡིན་པ་རེད། གོང་མ་མཱེ་ཇི་ ༡༩༡༢ ལོའི་ཟླ་བ་ ༧ ཚེས ༣༠ ཉིན་གྲོངས་པའི་སྐབས་དེར་༧རྒྱལ་བ་རིན་པོ་ཆེས་མྱ་ངན་ཞུ་ཚིག་བཏང་བ་རེད། ཉི་ཧོང་དང་བོད་ཀྱི་འབྲེལ་བའི་ཐད་སྣེ་འཁྲིད་ཀྱི་རྩོམ་པ་པོ་ཞིག་ལྟར་ན། “ཁོང་ ༼༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་༽གིས་གོང་མ་འདིས་ཨེ་ཤ་ཡའི་ནང་པ་བའི་རང་བཙན་ རྒྱལ་ཁབ་ཅིག་གི་ཡར་ཐོན་ཅན་གྱི་དབུ་འཁྲིད་གནང་བ་དེར་རྗེས་སུ་ཡི་རངས་གནང་བ་ རེད།"

ཡིན་ ན་ཡང་། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དང་དབུ་འཁྲིད་གཞན་པ་བཤད་སྒྲ་ལྟ་བུའི་རྒྱལ་ཞེན་ དང་བཅོས་སྒྱུར་གྱི་ནུས་པ་གཉིད་དུ་ཡུར་བ་དེ་སད་དུ་འཇུག་པའི་ཤུགས་རྐྱེན་སྔ་ ཤོས་དེ་ནི་དངོས་གནས་ཕྱི་རྒྱལ་རང་ཞིག་མིན་པ་དེ་ཤེས་དགོས་པ་རེད། དེ་ནི་༧རྒྱལ་བ་རིན་པོ་ཆེ་སྐུ་ན་ཕྲ་བའི་སྐབས་སུ་རང་གི་ཕ་ཡུལ་དང་ཁད་ཉེ་བའི་ སྐྱེ་བོ་ཞིག་སྟེ་བཱུ་ར་ཡཱ་ཏི་ནས་ཡིན་པའི་བླ་མ་ཨ་རྒན་རྡོ་རྗེབ་ནས་བྱུང་ནས་ ཡོད་པ་འདྲ།

5ཨ་རྒན་རྡོ་རྗེབ།

བོད་ ཀྱི་དེང་རབས་ལོ་རྒྱུས་ནང་གི་རྡོ་རྗེབ་ཀྱི་ལས་འགན་ཕོན་ཆེ་བ་དེ་ལ་ད་བར་དུ་ འདང་ངེས་ཀྱི་ངོས་འཛིན་ཞིག་ཐོབ་མེད་ལ།  དབྱིན་ཇིའི་གསར་འགྱུར་དང་ཡིག་ཆ་དེ་ཚོས་ཁོང་ནི་ཨུ་རུ་སུའི་སོ་པ་ལྟས་ངན་ཞིག་ ཡིན་པའི་རྣམ་པ་ཞིག་ཏུ་དུས་རྟག་ཏུ་འགྲེལ་བརྗོད་བྱས་པ་ཡིས་འདི་ལ་གནོད་ཆེ་ཙམ་ བསྐྱལ་ཡོད་པ་རེད། ཁོང་ནི་ ༡༨༧༣ ལོར་ཐོག་མར་ལྷ་ས་ལ་འབྱོར་ཅིང་། འབྲས་སྤུངས་དགོན་པར་ཆོས་ཞུགས་ཀྱིས་དགེ་བཤེས་ཀྱི་མཚན་རྟགས་བླངས་པ་རེད་ལ། ཁོང་གི་བོད་མིང་ལ་ངག་དབང་བློ་བཟང་ཞུ་ཞིང་། ཁོང་ནི་༧རྒྱལ་བ་རིན་པོ་ཆེ་སྐུ་ན་གཞོན་པ་འདིའི་མཚན་ཞབས་བདུན་གྱི་ཁོངས་སུ་ ཚུད་ཡོད་བརྟེན་ཏན་ཏན་ཧ་ལས་པའི་མཁས་པ་ཆེན་པོ་ཞིག་ཡིན་པ་རེད། ༡༨༨༨ ལོར་ཁོང་ནི་༧རྒྱལ་བ་རིན་པོ་ཆེའི་དགེ་རྒན་དང་བློ་འགེལ་འཁེལ་བའི་གྲོགས་པོ་ ཞིག་ཆགས་ཤིང་། དེ་ནས་ལོ་ངོ་བཅུའི་རིང་ཁོང་གིས་༧རྒྱལ་བ་རིན་པོ་ཆེ་དང་ “འབྲལ་ཐབས་མེད་པའི་ཞབས་ཞུ་བའི་”ཞབས་འདེགས་ཞུས་པ་རེད། དེའི་ལན་དུ་༧རྒྱལ་བ་རིན་པོ་ཆེའི་ངོས་ནས་ཁོང་ནི་ “སྲུང་སྐྱོབ་པ་ངོ་མ་”ཞིག་གི་གཟིགས་མཐོང་གནང་བ་རེད། ༼༡༦༽

༧ རྒྱལ་བ་རིན་པོ་ཆེ་སྐུ་གཞོན་འདི་ལ་འཛམ་གླིང་ཕྱི་ལོགས་སམ་ཡང་ན་རྒྱལ་སྤྱིའི་ ཆབ་སྲིད་ནང་ལས་ཀ་བྱེད་པའི་མཁྱེན་རྒྱ་ཅི་ཡང་མེད་སྲིད་མོད། རྡོ་རྗེབ་ཀྱི་རྣམ་ཐར་འབྲི་མཁན་ཇཱོན་ སི་ནེ་ལིང་ (John Snelling) ལྟར་ན། ཁོང་གི་དགེ་རྒན་ནི། “ཧ་ལམ་འཛམ་གླིང་གི་མི་ཞིག་ཡིན་ཏེ། ཤེས་ཡོན་འདྲ་འདྲའི་ཐོག་ནས་ཐོབ་ཡོད་ཅིང་། དབུས་ཨེ་ཤ་ཡའི་ནང་འགྲུལ་བཞུད་རྒྱ་ཆེར་གནང་བ། ད་དུང་སྤྱང་པོ་དང་བླང་དོར་དབྱེ་འབྱེད་མཁས་པ། གཤིས་བཟང་ཞིང་བཙུན་པ་ཞིག་ཡིན་པ་རེད།” དུས་འདིར་ཁོང་དང་ཐུག་མྱོང་བའི་ཡུ་རོབ་པ་ཞིག་གིས་ ཁོང་གི་མཁྱེན་རྒྱ་དང་ནུས་སྟོབས། དེ་ལས་ཀྱང་ཁོང་གི་ཐུགས་རིག་ངར་མ་དེས་ཁོང་ནི་རླབས་ཆེན་གྱི་དབུ་འཁྲིད་ཅིག་དང་ རླབས་ཆེན་གྱི་འགྲུལ་བཞུད་པ་ཞིག་ཡོང་རྒྱུ་ཡིན་མིན་ལ་དྭོགས་པ་མི་འདུག”ཅེས་ བརྗོད་འདུག”༼༡༧༽

6 ༡༩༡༢ ལོའི་བོད་སོག་ཆིངས་ཡིག
རྡོ་རྗེབ་ཀྱི་ “དེང་རབས་དང་ཡར་ཐོན་ཅན་གྱི་བསམ་བློའི་གནས་བབས་དེ་”ཁོང་གི་རྒྱ་ཆེ་བའི་འགྲུལ་ བཞུད་ནས་ཐོབ་ཡོད་པ་རེད། ཁོང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་གནང་ནས་ཨུ་རུ་སུའི་རྒྱལ་ས་སེན་ཊི་ པི་ཊར་སི་བྷག་ལ་ཕེབས་ཡོད་པ་རེད་ལ། ད་དུང་པཱེ་རེ་སི་དང་ལོན་ཌོན། དེ་བཞིན་རྒྱ་གར་དང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ལ་ཕེབས་ཡོད་པ་རེད། ཁོང་ནི་སྐབས་འདིའི་ཆབ་སྲིད་ཀྱི་དཀྱིལ་ན་ཡོད་དེ། ལྷ་སའི་ནང་གི་དབང་ཅན་ཀླད་རྙིང་སྐོར་ཁག་གི་ངོ་རྒོལ་འཕྲད་པ་ཙམ་མ་ཡིན་པར། ད་དུང་དབྱིན་ཇིས་ཨུ་རུ་སུའི་སོ་པར་བསམས་ནས་དགྲ་ཡི་འདུ་ཤེས་བཟུང་ཡོད། ད་ལྟའི་ཆར་ཁོང་ནི་ཕྱི་རྒྱལ་སོ་པ་མིན་མོད་སོག་པོ་དང་བོད་གཉིས་རྒྱ་ནག་ལས་རང་ བཙན་བཟོ་ཆེད་མངོན་གསལ་དོད་པོ་དང་འབད་བརྩོན་ཆེན་པོས་དཀའ་ལས་བརྒྱབ་པའི་རྒྱལ་ གཅེས་པ་ཞིག་ཡིན་པ་དེ་སྤྱིར་བཏང་གིས་ངོས་ལེན་བྱེད་པ་རེད། ཁོང་ནི་ཕྱི་ལོ་ ༡༩༡༢ ལོའི་ཟླ་བ་ ༡༢ ཚེས་ ༢༩ ཉིན་མིང་རྟགས་བཀོད་པའི་བོད་སོག་ཆིངས་ཡིག་རྩོམ་མཁན་ལྟེ་བ་ཞིག་ཡིན་པ་དེ་ཡང་ འདིར་བརྗོད་འོས་ལ། ཆིངས་ཡིག་དེས་ལུང་པ་འདི་གཉིས་ཀྱི་རང་བཙན་གྱི་གནས་བབ་དེ་གསལ་པོར་བསྟན་ཡོད། སོག་ཡུལ་གྱི་ཡིག་ཆ་ངོ་མ་དེ་ཉེ་ཆར་རྙེད་ཡོད་ཅིང་ཟླ་བ་ཁ་ཤས་ཀྱི་གོང་དུ་ང་ལ་ དེའི་ངོ་བཤུས་པར་མ་ཞིག་འབྱོར་བྱུང་།

འདི་ ནི་མི་སྣ་ཡ་མཚན་ཅན་འདིའི་སྐོར་ལ་ཞིབ་ཚགས་ཀྱིས་གླེང་མོལ་བྱེད་ས་ཞིག་མ་རེད། ཡིན་ན་ཡང་། ཁོང་གི་གནས་ཚུལ་དེས་ནི་༧རྒྱལ་བ་རིན་པོ་ཆེ་སྐུ་གཞོན་དེའི་རང་བཙན་དང་ཡར་ཐོན་ གྱི་དགོངས་ཚུལ་འདི་བསྐྱེད་པ་དང་། དེ་ལ་བརྟེན་ནས་བོད་ཀྱི་དེང་རབས་རྒྱལ་རབས་ལ་བཟོ་དབྱིབས་ཐོན་རྒྱུར་ནུས་པ་ཆེན་ པོ་ཞིག་བཏོན་ཡོད་པ་རེད། ཇཱོན་ སི་ནེ་ལིང་གིས་དབུས་ཨེ་ཤ་ཡའི་རྒྱལ་རབས་པ་གྲགས་ཅན་ ཨ་ལེས་ཊ་ཨེར་ ལེམ་བི་ (Alastair Lamb) དང་ལྷན་དུ་སྐད་ཆ་བཤད་སྐབས་ཤིག་ལ། “གལ་སྲིད་རྡོ་རྗེབ་རང་གི་དུས་ཚོད་འདི་ལ་སླེབས་མེད་པ་ཞིག་ཡིན་ན། བོད་ཀྱི་རྒྱལ་རབས་ཀྱི་ཁ་ཕྱོགས་འདི་ངོ་མ་ཧ་ཅང་མི་འདྲ་བ་ཞིག་བྱུང་ཡོད་པ་རེད། ”ཅེས་བརྗོད་བྱུང་ཞེས་བཤད་འདུག

མཐའ་ མ་དེར་བོད་ཀྱི་ “རྒྱལ་ཞེན་པའི་”བསམ་བློ་འདི་ནང་ཁུལ་རང་ནས་འདས་པའི་དཔེར་བརྗོད་དག་ལས་ཡོང་ སྲིད་པ་འདི་ཡང་རྩིས་མེད་བྱེད་མི་རུང་། དཔེར་ན། ཕག་མོ་གྲུ་པས་ བོད་དུ་སོག་པོའི་དབང་བསྒྱུར་མགོ་རྟིང་སློག་པའི་རྗེས་༼རྒྱ་མིས་སོག་པོ་ཡོན་ རྒྱལ་རབས་མགོ་རྟིང་མ་སློག་གོང་གི་ལོ་བཅུའི་སྔོན་ལ་རེད།༽དེར། ཤེས་བཞིན་དུ་བོད་ཀྱི་བཙན་པོའི་དུས་སྐབས་དང་འདྲ་བའི་སོག་པོ་མེད་པའི་རྒྱལ་ཁབ་ ཀྱི་ངོ་བོ་གསར་པ་ཞིག་འཛུགས་ཐབས་བྱས་པ་རེད། སོག་པོའི་ཉེས་ཆད་ཀྱི་ཁྲིམས་རྩུབ་མོ་དེ་ཚོ་བརྩིས་མེད་བྱས་ཤིང་། བཙན་པོའི་དུས་སྐབས་ཀྱི་ཁྲིམས་ཡིག་དེ་ཚོ་བསྐྱར་ལེན་དང་བཅོས་ལེན་བྱས་པ་རེད། ཕག་མོ་གྲུ་པས་གནའ་བོའི་གྱོན་ཆས་རྣམས་སླར་ཡང་བླངས་ཤིང་། “ལོ་གསར་གྱི་སྐབས་སུ་དཔོན་རིགས་ཆེ་ཁག་གིས་སྔོན་གྱི་བཙན་པོ་དག་གི་གྱོན་ཆས་ གོན་དགོས་པ་བཟོས་པ་རེད།” ༼༡༨༽ གཉིས་ནས་ཕག་མོ་གྲུ་པས་ལྷ་ས་རུ་ཙོང་ཁ་པའི་སྨོན་ལམ་ཆེན་མོའི་སྦྱིན་བདག་བྱས་པ་ རེད་ལ། འདི་ནི་བོད་ཀྱི་ལོ་གཅིག་གི་ནང་གི་དུས་སྟོན་ཆེ་ཤོས་དེ་ཆགས་ཤིང་། ལུང་པ་འདིའི་ས་ཆ་གང་ས་དང་ཕྱི་རོལ་བཅས་ནས་མཇལ་བ་དང་གནས་སྐོར་བ་སྟོང་ཕྲག་མང་ པོ་དྲངས་པ་རེད། སྨོན་ལམ་ནི་ཆོས་ཕྱོགས་ཀྱི་རྒྱ་ཆེ་བའི་མཛད་སྒོ་ཞིག་ཡིན་ན་ཡང་། དེ་ལ་ད་དུང་ཆབ་སྲིད་དང་དམག་དོན་ཐད་ཀྱི་གལ་ཆེའི་རྣམ་པ་ཡོད་པ་དེ་རྒྱ་ཆེ་ཞིང་ བཀྲག་མདངས་ཆེ་བའི་རྔམ་སྟོན་དང་རུ་སྒྲིག་ཁྲོད་དུ་སྟོན་ཅིང།  དེས་བོད་ཀྱི་མི་དམངས་ཁྲོད་རང་གི་རྒྱལ་རབས་དང་ངོ་བོའི་ཚོར་བ་ཞིག་སླེབས་ རྒྱུའི་ཞབས་འདེགས་སྒྲུབ་ཡོད་པ་རེད།

ཤུགས་ རྐྱེན་སྣ་ཚོགས་པ་དང་མིག་དཔེ། མི་སྣ་བཅས་ཀྱི་ཐོག་ནས་བོད་ཀྱི་དེང་རབས་རྒྱལ་ཁབ་ཅིག་ཚུགས་པ་ལ་རོགས་འདེགས་ བྱས་པ་དེ་ཚོ་ཚང་མ་གྷོལ་ཌི་སི་ཐེན་གྱི་ལོ་རྒྱུས་ནང་དམིགས་བསལ་གྱིས་ཆད་པའམ་ ཡང་ན་གཡོལ་ཐབས་བྱས་ཡོད་པ་རེད། དེ་ཡང་ཁོས་རང་གི་རྒྱལ་རབས་དེ་དབྱིན་ཇིས་བོད་ལ་འབྲེལ་ལམ་གྱི་རྐང་རྗེས་བཀོད་ ཐུབ་ནས་ལུང་པ་གཞན་སུ་དང་ཡང་འབྲེལ་བ་མི་བྱེད་པ་གཏན་འཁེལ་བྱས་རྗེས་ཀྱི་ ༡༩༡༢ ལོ་ནས་མགོ་བཙུགས་ཡོད་སྟབས། ཁོས་བདེན་པ་ལས་ཐག་རིང་པོ་མ་བརྒལ་བར་དེ་སྒྲུབ་ཐུབ་ཀྱི་ཡོད་པ་རེད།

གྷོལ་ ཌི་སི་ཐེན་གྱིས་ ༡༩༡༢ ལོའི་གོང་གི་གནས་ཚུལ་དག་གི་ངོ་སྤྲོད་སྙིང་བསྡུས་ཤིག་བཀོད་ཡོད་ཀྱང་། བོད་དེང་རབས་ཅན་འགྱུར་བ་ལ་དེ་དག་གིས་ནུས་པ་ཐོན་པའི་ཚུལ་བཀོད་མི་འདུག  ངོ་མ་བཤད་ན་གྷོལ་ཌི་སི་ཐེན་གྱིས་དུས་སྐབས་འདིའི་གནས་ཚུལ་རྩལ་དུ་བཏོན་པ་ རྣམས་ནི་རྣམ་རྟོག་དང་སྒྱུ་འཕྲུལ། དེ་བཞིན་ཉམས་ཆག་བཅས་ཀྱི་ཁོངས་སུ་བཀོད་པ་རྣམས་རེད། གྷོལ་ཌི་སི་ཐེན་གྱིས་དྭེ་མོའི་ “རྙོག་ཁྲ་”དེ་ནི་རྒྱལ་ཚབ་རྒན་པ་འདིས་༼ཡང་ན་ཁོང་གི་སྤུན་རྣམས་ཀྱིས་༽མཐུ་ བརྒྱབ་ནས་༧རྒྱལ་བ་རིན་པོ་ཆེ་དགུང་ལོ་ཆུང་བ་འདི་བགྲོངས་རྩིས་བྱས་པ་དེ་ཤེས་ ནས་བཙོན་འཇུག་བྱས་པ་རེད་ཅེས་བརྗོད་འདུག  གྷོལ་ཌི་སི་ཐེན་གྱིས་ དྭེ་མོ་ནི་ “ཁོང་མ་གྲོངས་བར་དུ་ཟངས་ཀྱི་སྣོད་ཆེན་པོ་ཆུས་བཀང་བ་ཞིག་བཏུམས་ནས་བསད་པའི་ དཀྲོག་གཏམ་”ཁུངས་སྐྱེལ་མེད་པ་ལ་གཞི་བཅོལ་ནས་བཤད་འདུག ཡིན་ན་ཡང་བཀའ་ཤག་གིས་ཉེས་ཅན་པ་རྣམས་ལ་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་པ་ དེར་༧རྒྱལ་བ་རིན་པོ་ཆེས་དགག་བྱ་བྱས་པ་བཤད་རྒྱུ་ལུས་འདུག་པ་ནི་ཁྱད་མཚར་པོ་ ཞིག་རེད། འདི་ནི་༧རྒྱལ་བ་རིན་པོ་ཆེས་སྲོག་ཁྲིམས་གཅོད་པ་ལ་དགག་བྱ་གནང་བའི་ཡོངས་གྲགས་ ཀྱི་དཔེ་མཚོན་ཐོག་མ་དེ་ཡིན་སྟབས་ལོ་རྒྱུས་ཀྱི་ཐོག་ནས་གལ་ཆེན་པོ་རེད། གནད་དོན་འདིའི་སྐོར་ལ་༧རྒྱལ་བ་རིན་པོ་ཆེའི་བཞེད་ཕྱོགས་བརྟན་པོ་གནང་བ་བརྟེན་ ནས་ཁོང་གི་རྒྱལ་སྲིད་ཀྱི་ཁྲིམས་ལུགས་ཐག་གཅོད་བླ་ན་མེད་པ་ཞིག་འཛུགས་རྒྱུ་ བྱུང་བའི་སྐོར་ངས་སྔོན་མའི་རྩོམ་ཞིག་གི་ནང་བྲིས་ཡོད།

“༡༩༡༣ ལོར་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་སྲོག་ཁྲིམས་གཅོད་པ་དང་དེ་བཞིན་གྱི་ “གདུག་རྩུབ་དང་རྒྱུན་ལྡན་མིན་པའི་”ཉེས་ཆད་ཀྱི་རིགས་རྩ་འགོག་བྱས་པ་རེད་ལ། དེས་ཧ་ལམ་བོད་འདི་ནི་འཛམ་གླིང་ནང་དེ་ལྟར་བྱེད་པའི་ལུང་པ་དང་པོའི་གྲས་སུ་ ཚུད་བཅུག་པ་རེད། སི་ཝི་ཛེར་ལཱན་ཌཱི་ཡིས་ ༡༩༣༧ ལོར་སྲོག་ཁྲིམས་གཅོད་པ་མཚམས་འཇོག་བྱས་པ་དང་། དབྱིན་ཇིས་ ༡༩༦༥ ལོར་དང་། ཧྥ་རན་སི་ཡིས་རང་གི་ཉེས་ཅན་པའི་སྲོག་ཁྲིམས་མཐའ་མ་དེ་ ༡༩༨༡ ལོར་བཅད་ཡོད་པ་རེད། ཨ་མི་རི་ཀ་ལ་ཆ་བཞག་ན། དམིགས་བསལ་གྱིས་ཊཱེག་སེ་སི་མངའ་སྡེའི་ནང་། ཐ་ན་ལོ་ཚད་མ་ལོན་པ་དང་ཡང་ན་སེམས་ཁམས་བརྟན་པོ་མེད་པའི་རིགས་ཀྱང་ “སྲོག་གཅོད་རྐུབ་སྟེགས་”སྟེང་ངམ་ཡང་ན་དེ་ལས་གཞན་པའི་རྣམ་པ་གང་ཡོད་ཀྱང་དེ་ལ་ མི་གཏོང་བའི་འགན་ལེན་གང་ཡང་མེད་པ་རེད།  རྒྱ་ནག་ནང་ཁོང་ཚོས་སང་ཉིན་ཟེར་བ་ཞིག་མེད་པའི་ཚུལ་གྱིས་འདི་ལག་བསྟར་བྱེད་པ་ རེད། ཡིན་དང་ཡིན། ༢༠༠༡ ལོའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གསལ་བསྒྲགས་ཤིག་གི་ནང་དུ། “འདས་པའི་ཟླ་བ་གསུམ་གྱི་ཡུན་ལ་རྒྱ་ནག་ཏུ་སྲོག་ཐོག་བཏང་བའི་མིའི་གྲངས་འབོར་ ནི་འདས་པའི་ལོ་ངོ་གསུམ་གྱི་རིང་ལ་འཛམ་གླིང་ས་ཁུལ་གཞན་ཡོངས་ཀྱི་སྲོག་ཁྲིམས་ བཅད་པའི་གྲངས་འབོར་ལས་མང་བ་འདུག"ཅེས་བྲིས་འདུག

གྷོལ་ ཌི་སི་ཐེན་གྱིས་དབྱིན་ཇིའི་རྒྱབ་སྐྱོར་འོག་བོད་དུ་དེང་རབས་དམག་དང་ཉེན་རྟོག་ པའི་དཔུང་ཁག་བཙུགས་པའི་སྐོར་གླེང་འདུག་ལ། དབྱིན་ཇིས་བོད་ཀྱི་ཏར་འཕྲིན་གྱི་སྐུད་པ་གསར་དུ་འཐེན་པ་དེར་འཕྲུལ་རྩལ་གྱི་ རོགས་རམ་བྱས་པ་བཤད་འདུག་མོད། དེ་ཚོ་ཚང་མ་བོད་མི་ཚོས་དངུལ་སྤྲད་པ་དེ་བརྗོད་མི་འདུག   ཁོས་ད་དུང་ཞོར་འཕྲོས་སུ་ལྷ་སའི་ནང་གི་གློག་ཁང་བཙུགས་པ་དེ་གླེང་འདུག  གྷོལ་ཌི་སི་ཐེན་གྱིས་ ༡༩༡༢ ལོའི་རྗེས་སུ་བྱུང་བའི་དེང་རབས་བཤད་སྐབས་དབྱིན་ཇིའི་ཤུགས་རྐྱེན་སླེབས་པའི་ སྐོར་ལ་སྣ་འདྲེན་བྱེད་རྒྱུ་ལ་ཁོ་རང་འབྱར་ནས་ཡོད་ལ། ད་དུང་ཡར་རྒྱས་ཕལ་ཆེ་བ་ནི་ “་་་ “ནུབ་ཕྱོགས་ཀྱི་སྒྲིག་ཆས་དང་གྱོན་ཆས། ལུགས་སྲོལ་དཔེར་ན་ཇ་མངར་མོ་དང་ལག་པ་གཏོང་བ། དེ་བཞིན་དྲ་སྤོལ་དང་རྟ་ཐོག་སྤོ་ལོ་རྩེ་བ་སོགས་གཡར་ལེན་བྱས་པའི་ཚུལ་བཞིན་ རེད་ཅེས་སྣང་ཆུང་བྱས་ཡོད།”

གྷོལ་ ཌི་སི་ཐེན་གྱིས་བོད་མི་རང་ངོས་ནས་བརྩམས་པའི་བཅོས་སྒྱུར་དང་དེང་རབས་ཅན་གྱི་ སྐོར་བརྗོད་རྒྱུ་ཆད་ལུས་ཤོར་ཡོད་པ་རེད། ཆུ་འབྲུག་ལོའི་བོད་ཟླ་དང་པོའི་ཚེས་བརྒྱད་ ༼བོད་སོག་ཆིངས་ཡིག་ལ་མིང་རྟགས་བཀོད་ནས་ཟླ་བ་གཅིག་གི་རྗེས་སུ་༽ ཉིན་༧རྒྱལ་དབང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་གསལ་བསྒྲགས་གནང་བ་རེད། ལོ་རྒྱུས་རང་བཞིན་གྱི་བསྒྲགས་གཏམ་འདིའི་ནང་ཁོང་གིས་ད་དུང་བོད་ཀྱི་ཞིང་པ་ སྒེར་པ་ཚོས་ས་ཞིང་སྟོང་པར་ལྷག་ཡོད་པ་རྣམས་ལ་ཞིང་རྨོ་འདེབས་ཆོག་པ་དང་། ཞིང་བཏབ་ནས་ཐོག་མའི་ལོ་འགའི་རིང་ལ་དཔྱ་ཁྲལ་བསྡུ་རྒྱུ་མིན་ཞེས་གསུངས་ཡོད་པ་ རེད། བསྒྲགས་གཏམ་འདིའི་ནང་ད་དུང་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚིག་གཅིག་ཡོད་པ་ དེར་༧རྒྱལ་བ་རིན་པོ་ཆེས་བོད་ས་གང་སར་ལྗོན་པའི་རིགས་དང་ད་དུང་ཤིང་སྡོང་སྣ་ ཚོགས་དང་ཤིང་རྩྭའི་རིགས་བདག་ཉར་བྱེད་དགོས་སྐོར་ནན་བཤད་གནང་བ་རེད།

སཱར་ ཆེལ་སི་ བྷེལ་ (Sir Charles Bells) གྱིས་ ༧རྒྱལ་བ་རིན་པོ་ཆེ་བཅུ་གསུམ་པས་བོད་ཀྱི་ཞིང་པ་ཚོར་རོགས་རམ་གནང་སླད་བུ་ལོན་ ཆག་ཡངས་ཀྱི་ལས་འཆར་ཆེན་པོ་ཞིག་གནང་བའི་སྐོར་བྲིས་འདུག་ལ། བྷེལ་གྱིས་ལྷ་སའི་ཤའི་ཁྲོམ་རྭ་གསར་པ་དེར་ཤ་ནི་གཙང་མའི་གནས་སྟངས་ཀྱི་འོག་ནས་ བཙོང་དགོས་པའི་སྐོར་ཡང་གླེང་འདུག འདི་ནི་གཅིག་བྱས་ན་དབྱིན་ཇིའི་རྒྱ་གར་ནས་དཔེ་བླངས་པ་རེད་ལ། ཉིན་ལྟར་ཁྲོམ་རྭའི་ས་ཆ་དེ་ལ་ལྟ་རྟོག་བྱེད་པ་སྨོས་མེད་ཐོག  ད་དུང་ཚགས་ཤ་དང་ཡང་ན་ཤ་ཁོག་རེ་རེ་བཞིན་གྲོང་ཁྱེར་དོ་དམ་ལས་ཁང་གིས་བརྟག་ དཔྱད་ཐོག་བཙོང་ཆོག་པའི་བཀའ་འཁྲོལ་ལེན་དགོས་པ་རེད། ༼༡༩༽

གྲོང་ ཁྱེར་དོ་དམ་ལས་ཁུངས་ཀྱི་ཐོག་ནས་ཞིང་པ་དགོས་མཁོ་ཅན་ཚོར་ཟ་འབྲུ་སྐྱེད་མེད་དུ་ གཡོར་རྒྱུའི་ལས་འཆར་ཞིག་ཀྱང་མགོ་བཙུགས་པ་རེད། ༼༢༠༽ ཞིང་པ་ཚོས་སྟོན་ཐོག་སོས་པ་ནས་འབྲུའི་སྐམ་ཆགས་བཅུ་ཟུར་ཞིག་རློན་པའི་རྒྱ་ཁ་ གསབ་ཆེད་སྤྲོད་དགོས་ཀྱི་ཡོད་པ་རེད། ༡༩༢༠ ལོར་༧རྒྱལ་བ་རིན་ཆེས་རྫོང་གི་ལས་ཁུངས་སོ་སོར་གཞི་རིམ་སློབ་གྲྭ་འཛུགས་དགོས་ པའི་བཀའ་རྒྱ་བཏང་བ་རེད། ཁོང་གིས་ད་དུང་རྫོང་ཚང་མ་ལམ་སྟོན་བཀའ་རྒྱ་ཞིག་གནང་ནས་ལྷ་བ་དང་མོ་བ་ཚོས་མི་ སེར་ལ་དྲང་མིན་མགོ་སྐོར་གཏོང་བ་འགོག་པ་དང་། དེ་འདྲའི་སྐབས་ལ་སྐུ་རྟེན་ཚོ་ལྷ་འབབ་རྒྱུ་འགོག་པའི་ཆེད་དུ་རྟོག་ཞིབ་བྱེད་ དགོས་གསུངས་པ་རེད།

དེ་ ནས་ ༡༩༡༦ ལོར་བཙུགས་པའི་ལྷ་སའི་སྨན་རྩིས་ཁང་ཡོད་པ་རེད།  དེར་དམག་ཁོངས་དང་དགོན་སྡེ། དེ་བཞིན་རྫོང་ཁག་སྣ་ཚོགས་ནས་སློབ་མ་ ༡༥༠ བསྡུ་རུབ་ཀྱིས་ལོ་ངོ་དགུའི་ཡུན་ལ་བོད་ཀྱི་སྲོལ་རྒྱུན་གྱི་སྨན་སློབ་ཀྱི་ཡོད་ པ་རེད། སློབ་སྦྱོང་ཐོན་མཚམས་ཁོང་ཚོ་རང་རང་གི་ས་གནས་སུ་ཕྱིར་སློག་གིས་སྨན་བཅོས་ཀྱི་ མཐུན་འགྱུར་ཞུ་གི་ཡོད་པ་རེད།

སྨན་ རྩིས་ཁང་གིས་ད་དུང་བྱིས་པའི་དུས་མིན་འཆི་རྐྱེན་ཚབས་ཆེ་བ་དེ་ལ་བཅོས་ཐབས་ལག་ བསྟར་བྱས་པ་རེད། འདིའི་ཆེད་དུ་ “བྱིས་པ་ཉར་ཕྱོགས་”ཞེས་པའི་འཆར་གཞི་མགོ་བཙུགས་པ་རེད། བོད་ཀྱི་ས་ཁུལ་གང་སའི་རྫོང་དཔོན་ཡོངས་རྫོགས་ལ་རྫོང་ནང་གི་བྱིས་པ་སྐྱེས་ཚད་ ཐོ་འགོད་བྱེད་ཕྱོགས་ཀྱི་ལམ་སྟོན་འབྱོར་པ་རེད། གནས་ཚུལ་དེ་ལྷ་སའི་སྨན་རྩིས་ཁང་ལ་བཏང་བ་དང་། དེ་ནས་ རྩིས་འབྲས་དང་སྨན་རིགས་འོས་འཚམས་བཅས་བྱིས་པ་རེ་རེའི་ཆེད་དུ་གྲ་སྒྲིག་བྱས་པ་ རེད། “འདི་ཚོ་ནི་བོད་ཀྱི་རྫོང་དགུ་བཅུ་གོ་དྲུག་ཚང་མར་གཏོང་གི་ཡོད་པ་རེད།”ཅེས་ བོད་ཀྱི་བུད་མེད་ཅིག་གིས་རང་གི་དྲན་ཐོར་བཀོད་འདུག མོས་ད་དུང་ “བོད་ཀྱི་སྨན་རྩིས་མཁས་པ་གྲགས་ཅན་མཁྱེན་རབ་ནོར་བུ་ཡིས་བྱིས་པ་ཉར་ཕྱོགས་ཞེས་ པའི་དེབ་ཅིག་བརྩམས་པ་དེའི་ནང་བྱིས་པ་ན་ཆུང་རྣམས་ཉར་ཕྱོགས་དང་དེ་ཚོའི་བདེ་ ཐང་སྐོར་ཁོ་ན་གླེང་ཡོད་པ་རེད།”ཅེས་བྲིས་འདུག

བྱིས་ པ་གཉོར་ཕྱོགས་ཀྱི་རིག་པ་འདི་ནི་ཆ་ཚང་སྲོལ་རྒྱུན་ཡིན་པ་དང་། གཞུང་གི་མཐུན་རྐྱེན་གྱི་ཚད་བཀག་གིས་འདིའི་གཞི་རྒྱ་ལ་ཚད་བཟུང་བྱས་ཡོད་སྲིད་ ནའང་། ཞབས་འདེགས་འདི་ནི་བོད་གཞུང་གི་མངའ་འོག་ན་ཡོད་པའི་བྱིས་པ་ཚང་མ་ལ་རིན་མེད་དུ་ སྤྲོད་ཀྱི་ཡོད་པ་འདི་ནི་གླེང་འོས་པ་ཞིག་རེད། སྐྱིད་གྲོང་རྫོང་དཔོན་གྱི་བུ་ཡིས་ང་ལ་བརྗོད་གསལ་ལ། མཐའ་ན་རྒྱ་ནག་དམར་ཕྱོགས་པའི་དབང་འོག་ཏུ་ཤོར་ནས་ཀྱང་ལོ་ཁ་ཤས་ཀྱི་རིང་ལ་ སྐྱིད་གྲོང་རྫོང་གི་བྱིས་པ་རྣམས་ལ་རང་རང་གི་རྩིས་འབྲས་དང་སྨན་ཐུམ་ཆུང་བ་རེ་ བཅས་ལྷ་ས་ནས་འབྱོར་བ་དེ་དྲན་གྱི་འདུག་ཅེས་བརྗོད་བྱུང་།
གྷོལ་ཌི་སི་ཐེན་གྱིས་དགོན་པའི་སྡེ་ཁག་གི་དགག་བྱ་བྱས་པ་ལ་བརྟེན་ནས་བོད་གཞུང་ གིས་རྒྱང་རྩེ་དང་ལྷ་ས་རུ་དབྱིན་ཇིའི་སློབ་གྲྭ་འཛུགས་མ་ཐུབ་པའི་སྐོར་གླེང་ འདུག  ཡིན་ན་ཡང་སྤྱི་ཚོགས་ཁྲོད་ཀྱི་སྒེར་པ་མང་པོས་རང་གི་སྒེར་དོན་དང་རང་གི་ལུང་ པའི་མ་འོངས་པའི་ཆེད་དུ་ནུབ་ཕྱོགས་ཀྱི་ཤེས་ཡོན་ནི་གལ་ཆེན་པོ་ཡིན་པ་དེ་ཤེས་ བཞིན་ཡོད་པ་དང་། དེ་ནས་རང་གི་བྱིས་པ་རྣམས་རྡོ་རྗེ་གླིང་དང་བཀའ་བློན་སྦུག་ཏུ་ཡོད་པའི་དབྱིན་ ཇིའི་སློབ་གྲྭ་དག་ཏུ་བཏང་བའི་བདེན་དོན་འདིའི་སྐོར་ཅི་ཡང་བརྗོད་མེད། ངས་རྡོ་རྗེ་གླིང་ཆེན་པོའི་རྫོང་ཁོངས་སུ་ཡོད་པའི་དབྱིན་ཇིའི་སློབ་གྲྭ་བརྒྱད་ ཙམ་གྱི་ནང་དུ་སློབ་སྦྱོང་བྱས་པའི་སློབ་མ་བརྒྱ་དང་དྲུག་ཅུའི་མིང་ཐོ་༼ད་དུང་ ཚར་མེད་༽ཞིག་བཟོ་ཐུབ་པ་བྱུང་། ངོ་མཚར་བ་ཞིག་ལ་དེ་ཚོའི་མང་ཆེ་བ་ནི་སྐུ་དྲག་གི་ཡིན་ན་ཡང་། ཚོང་པ་དང་མི་སེར་དཀྱུས་མའི་བྱིས་པ་ཡང་མང་པོ་ཡོད་པ་དེ་རེད། ལྷ་སའི་ནང་གི་རྒྱན་རྩེད་མཁན་གྲགས་ཅན་༼འབངས་དཀྱུས་མ་༽ཞིག་གི་གསོ་ཕྲུག་དེ་ བཀའ་བློན་སྦུག་གི་ སེན་ཊི་ ཨ་གྷ་སི་ཏེན་ (St Augustine) གྱི་སློབ་གྲྭ་ལ་སློབ་སྦྱོང་ཆེད་བཏང་བ་རེད།  ངའི་མིང་ཐོའི་ཁོངས་ཀྱི་སློབ་མ་ ༣༦ ཙམ་ཞིག་བུ་མོ་རེད། སློབ་སྦྱོང་འདིའི་རིན་གོང་ནི་ཁྱིམ་ཚང་ཚོར་དཔག་ཚོད་ཀྱིས་དཔལ་འབྱོར་གྱི་ཁུར་ བོ་ཞིག་ཡིན་མོད། ཁོང་ཚོས་དེ་ནི་གལ་ཆེ་བ་དང་རིན་ཐང་སྤྲོད་འོས་ཤིག་ཡིན་པར་ངོས་འཛིན་བྱས་པ་ནི་ གསལ་པོ་རེད།

ཀླད་ རྙིང་གི་དགོན་པའི་དཔུང་ཁག་གིས་གཞུང་གི་དེང་རབས་ཅན་དུ་བསྒྱུར་བའི་འབད་བརྩོན་ ལ་བར་ཆད་བྱས་མིན་ལ་མ་ལྟོས་པར། འཕེལ་བཞིན་པའི་ཁྱིམ་ཚང་སྒེར་པ་མང་པོ་ཞིག་ནི་རང་ངོས་ནས་མགོ་བརྩམས་ཏེ་དེང་ རབས་ཅན་དང་འགྱུར་བཅོས་ཀྱི་ཕྱོགས་ལ་བསྐྱོད་བཞིན་པ་དེ་གོང་གསལ་དེ་དག་གིས་ མཚོན་གྱི་ཡོད་པ་འདྲ། ལོ་རྒྱུས་ཀྱི་བསྐྱར་ཞིབ་བྱེད་པའི་ཁྲོད་ གཞུང་དང་རྒྱལ་པོའི་གྲུབ་འབྲས་དང་༼ཡང་ན་འཐུས་ཤོར་༽དེ་དག་ཕྱོགས་རེ་བའམ་ཕྱོགས་ གཅིག་ཤས་ཆེ་བའི་ཐོག་ནས་བལྟ་བ་ནི་ནོར་འཁྲུལ་ཅིག་རེད། ཧྥ་རན་ཆི་དེབ་ཐེར་སློབ་གྲྭའི་རྒྱལ་རབས་པ་ཚོས་ལོ་བརྒྱའི་གོང་ནས་ང་ཚོར་བསླབས་ པ་ཇི་བཞིན། རྒྱ་ཆེ་ས་ནས་སྤྱི་ཚོགས་ནང་གི་ལས་འགུལ་ཁག་དང་དེ་བཞིན་སྤྱི་ཚོགས་རང་བཞིན་གྱི་ འགྱུར་བའི་འཕེལ་ཆ་དག་ནི་-ཚང་མ་དཀྱུས་མ་ཡིན་མོད་མིའི་ལོ་རྒྱུས་ཀྱི་ཞིབ་ཆས་ ཕྱུག་ལ་- གནད་ཇི་ཙམ་ཡོད་པ་དེ་ཙམ་ཞིག་༼དེ་ལས་མང་བ་མིན་ཡང་༽རྒྱལ་རབས་སློབ་སྦྱོང་ཁྲོད་ དུའང་ཡོད་དགོས་པ་རེད།

བོད་ མི་ཚོས་རང་གི་བྱིས་པ་རྣམས་ལ་གོང་ཚད་མཐོ་བའི་དབྱིན་ཇིའི་སློབ་སྦྱོང་སྤྲོད་ ཐུབ་པའི་རྒྱུ་མཚན་གཅིག་ནི་ ༡༩༣༠-༤༠ བར་དེར་བོད་ནང་དུ་དཔལ་འབྱོར་གྱི་འཕེལ་རྒྱས་རླབས་ཆེ་བ་ཞིག་ཕྱིན་པ་དེས་འགྲེལ་ བཤད་བརྒྱབ་རུང་བ་ཞིག་རེད། ཉི་ཧོང་གི་མཚོ་དམག་གིས་ཨོ་སི་ཊཱི་རི་ལི་ཡ་བཀག་པ་ལ་བརྟེན་ནས་ཨ་མི་རི་ཀའི་ནང་ དུ་བོད་ཀྱི་བལ་རིགས་ཀྱི་དགོས་མཁོ་འཕར་བ་དེས། བོད་ཀྱི་ཚོང་པ་འབྲེལ་ཡོད་རྣམས་ཙམ་ཞིག་མིན་པར་འབྲོག་པ་མཁོ་འདོན་པ་རྣམས་དང་ དེ་བཞིན་ཚོང་ལམ་དུ་འཁེལ་བའི་མི་ཚང་མ་ལ་དཔག་ཚོད་ཀྱིས་ལམ་ལྷོང་ཡོད་པ་ཞིག་ བཟོས་པ་རེད། བདུན་གཅིག་གི་གོང་ཙམ་ལ་ངས་བོད་ཀྱི་བལ་ཚོང་སྐོར་གྱི་ཡིག་ཆ་ཞིག་བཀླགས་པ་དེར་ བལ་ཚོང་འདིའི་རྒྱ་ཁྱོན་ཐད་ཚོད་དཔག་ལས་འགོངས་པ་དང་ཧ་ལས་པའི་ཨང་གྲངས་བཀོད་ འདུག  ད་ལྟ་ངས་ཡིག་ཆ་དེ་རྙེད་མ་ཐུབ་མོད་ངས་རྩོམ་འདིའི་མ་འོངས་པའི་ངོ་བཤུས་ནང་ འཇུག་གི་ཡིན།

འཛམ་ གླིང་དམག་ཆེན་གཉིས་པ་ཡིས་ཀྱང་བོད་འདི་ནུབ་ཕྱོགས་ཚོང་པའི་ཐོན་རྫས་ཆེད་སྒོ་ འབྱེད་པའི་དཔལ་འབྱོར་གྱི་བློ་སྤོབས་ཆེན་པོ་ཞིག་སྤར་ཡོད་པ་རེད། བོད་ཀྱི་ཚོང་པ་ཚོས་ཚོང་ཟོག་དང་སྤུས་ལེགས་ཀྱི་ཐོན་རྗས་དག་རྒྱ་གར་ནས་ཉོས་ཏེ་ རྒྱ་ནག་གི་ལྷོ་ནུབ་ཏུ་གོ་མིན་ཏང་གིས་ཉི་ཧོང་འགོག་ས་དེར་དཔག་ཚོད་ཀྱི་ཁེ་བཟང་ དང་བཅས་བཙོངས་པ་རེད། ཚོང་ལམ་དུ་འཁེལ་བའི་མི་ཚང་མ་སྟེ། སྐུ་དྲག་ཚོ་དང་ཞིང་པ། རྟ་དྲེལ་པ། མགྲོན་ཁང་ཉར་མཁན། དེ་བཞིན་ཚོང་པ་ཆེན་པོ་ཚོ་ལ་ཚོང་འདིས་ཁེ་ཕན་བྱུང་ཡོད་པ་རེད། དུས་དེར་ཡུ་ནཱན་གྱི་བྱང་ཕྱོགས་ལི་ཇིང་སྟེ་ཚོང་ལམ་འདིའི་མཐའ་མའི་འབབ་ཚིགས་ གཙོ་བོ་དེར་སྡོད་མཁན་གྱི་པི་ཊར་ གྷོ་ལར་ཊི་ (Peter Goullart) ལྟར་ན། “རྟ་དྲེལ་གྱི་འགྲུད་བཞུད་འདི་ནི་ “དམིགས་བསལ་དང་ཧ་ལས་དགོས་པའི་དངོས་པོ་ཞིག་རེད་”ཅེས་བརྗོད་འདུག

རཱོ་ ལེག་སི་བཟོ་གྲྭའི་གཙོ་འཛིན་དེ་ ༡༩༤༠ ནང་དངོས་སུ་བཀའ་བློན་སྦུག་ཏུ་བསྐྱོད་ནས་འཛམ་གླིང་གི་ཁུག་ཀྱོག་ས་ཁུལ་༼འདི་ ནས་ཚོང་དེ་ལྷ་ས་ལ་བསྐུར་གི་ཡོད།༽འདིར་ཁོའི་ཆུ་ཚོད་ཀྱི་དགོས་མཁོ་གློ་བུར་ འཕར་བ་དེ་ལ་རྟོག་ཞིབ་བྱས་ཤིང་། “་་་ འདི་ནི་མཐའ་མ་དེར་གྲོང་གསེབ་ཆུང་ཆུང་ཞིག་ཡིན་པ་ཤེས་ནས་ཧ་ལས་པ་རེད།”༼༢༣༽ འདི་འདྲ་བའི་ཚོང་གི་འཕེལ་རྒྱས་ཤིག་ནི་སོག་ཡུལ་དང་ཤིན་ཅང་། ལ་དྭགས། འབྲུག་ཡུལ། ཐ་ན་བལ་ཡུལ་ལ་ཡང་མ་བྱུང་བ་རེད།

གློ་ བུར་གྱི་དཔལ་འབྱོར་འཕར་བ་འདིས་སྐུ་དྲག་དང་ཆོས་པའི་གཞུང་འདིའི་ཡ་རབས་ཀྱི་ གཤིས་ཀ་ཉམས་ཆག་ཏུ་འགྲོ་རྒྱུ་ལ་ཤུགས་རྐྱེན་ཐེབས་ཡོད་དམ།  མ་མཐའ་ལ་ཡང་བོད་ཀྱི་མཁས་པ་རྒན་པ་ཞིག་གིས་ང་ལ། གཞུང་ཞབས་གྲལ་རིམ་ནང་གི་དཔལ་འབྱོར་གསར་པ་དང་། སྲོལ་རྒྱུན་གྱི་བཟང་སྤྱོད་དང་བསམ་པའི་འཁྱེར་སོ་ཉམས་བཞིན་པ་དེ་ཚོ་ནི། ༡༩༡༨ ལོ་དང་མི་འདྲ་བར་ ༡༩༥༠ ལོར་ བོད་དམག་གིས་ལས་འགན་སྐྱོ་བོར་སྒྲུབ་པ་དེ་ལ་འབྲེལ་བ་ཡོད་སྲིད་པ་རེད་ཅེས་ བརྗོད་བྱུང་། ད་དུང་ང་ལ་བརྗོད་དོན། དཔལ་འབྱོར་གོང་འཕེལ་དུ་སོང་བ་དང་དེའི་རྗེས་འབྲེལ་གྱིས་དགོན་པ་དང་བླ་བྲང་ཁག་ ལ་སྒོར་མོ་སླེབས་པ་དེས་གལ་སྲིད་ཉམས་ཆག་ཏུ་སོང་བ་ཞིག་མིན་ན་ཡང་། མ་མཐའ་ལ་ཡང་དགོན་པའི་བཅའ་ཁྲིམས་ལ་བརྩིས་མེད་བྱེད་པ་དང་ལྐོག་ཟ་རུལ་སུངས་ཤིག་ བཟོས་ཡོད་པ་རེད་ཅེས་བརྗོད་བྱུང་། རྭ་སྒྲེང་གི་རྙོག་ཁྲ་ལ་ཡང་དཔལ་འབྱོར་གྱི་བྱུང་རྐྱེན་རྒྱལ་ཏུ་ཡིབ་པའམ་ཡང་ན་ ཟུར་ན་ཡོད་པ་ཞིག་སྲིད་དམ། གྷོལ་ཌི་སི་ཐེན་གྱི་ “བླ་མའི་རྒྱལ་ཁབ་ཤི་བ།” ཞེས་པ་དེའི་ཆེད་དུ་དེ་འདྲའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འགྲེལ་བཤད་ཐད་ཞིབ་ འཇུག་བྱེད་པའམ། ཡང་ན་བསམ་ཞིབ་བྱེད་པ། དེ་ཡང་ཕྱོགས་རེ་ཙམ་ཞིག་ཀྱང་མ་བྱུང་བ་ནི་ཁོའི་ལས་ཀའི་ནང་གི་ཧ་ཅང་སྐྱོ་བོའི་ ཆ་གཅིག་རེད།

མཐའ་ མཇུག་དེར་ གྷོལ་ཌི་སི་ཐེན་གྱི་ཤོག་ངོས་ཁྱད་མཚར་བདུན་བརྒྱ་དགུ་བཅུ་ཡོད་པའི་དེབ་མཐུག་ པོ་དེས་སྒྲུབ་ཐུབ་པར་གྱུར་པ་ནི་བོད་ཀྱི་རྒྱལ་རབས་དེ་ཆུང་ཆུང་དང་ས་གནས་རང་ བཞིན་ཅན། གལ་ཆེའི་ཁྱད་ཆོས་མེད་པ་ཞིག་བཟོས་པ་དེ་རེད། ལོ་རྒྱུས་དང་གནས་ཚུལ་ཧ་ཅང་འདེམས་གསེས་ཀྱིས་བཀོད་པའི་ཡིག་མཛོད་ཆེན་པོ་འདིས་ བཞག་པའི་ཚོར་སྣང་ཡུན་རིང་འདུག་པ་དེ་ནི་རྒྱ་མིས་བོད་ལ་དབང་བསྒྱུར་བྱེད་པ་ནི་ བཟློག་མེད་ཅིག་ཡིན་པ་༼ཡིན་ན་ཡང་གྷོལ་ཌི་སི་ཐེན་གྱིས་འདི་ཁ་ནས་མི་ཐོན་རྒྱུར་ གཟབ་གཟབ་བྱས་ཡོད།༽དང་། བོད་ནི་ནང་ཁུལ་གྱི་འགལ་ཟླ་ལ་བརྟེན་ནས་ཤི་བ།༼མ་ཁེ་སི་རིང་ལུགས་པའི་རྒྱལ་རབས་ པ་ཚོས་བཤད་སྲིད་པ་ལྟར།༽ རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དང་དེ་འབྲེལ་གྱིས་ལུང་པ་དེའི་ནང་སྲོག་ སྐྱོན་དང་གཏོར་བཤིག་ཐེབས་པ་ནི་ཏག་ཏག་དོན་ཆུང་ཡིན་པ་དང་རྒྱ་ནག་གི་སྐྱོན་གང་ ཡང་མ་རེད་ཟེར་བ་དེ་རེད།

ལོ་རྒྱུས་ཀྱི་ངོས་ནས་བཟློག་ཏུ་མེད་པ་ཡིན་ནམ།

ངས་ འདིའི་སྟེང་ཨུ་ཚུགས་བྱེད་ཀྱི་མེད་མོད། མཐའ་ན་དེབ་འདིའི་འགྲེལ་བརྗོད་ཁ་བྱང་ བླ་མའི་རྒྱལ་ཁབ་ཤི་བ་ (Demise of the Lamaist State) ཞེས་པ་འདིས་ཀྱང་གྷོལ་ཌི་སི་ཐེན་གྱི་དེབ་འདིའི་ཤུགས་བསྟན་གྱི་ལྟ་ཚུལ་འདི་ མདུན་དུ་འདེད་པའི་ཚོར་སྣང་ཞིག་བྱུང་། ཨོག་སི་ཧྥོར་ཌི་ཡི་དབྱིན་ཡིག་ཚིག་མཛོད་དུ་མིང་ཚིག་ “demise” ཟེར་བ་འདིའི་གོ་དོན་གཅིག་ནི་དབང་ཆ་དང་བདག་དབང་། ཡང་ན་ས་བདག་བརྗེ་བསྒྱུར་གྱི་སྐབས་སུ་བྱུང་བའི་འཆི་བ་ལ་གོ་ཞེས་བརྗོད་འདུག རཱོ་གེ་ཊ་ (Roget) ཚིག་མཛོད་དུ་མིང་ཚིག་འདིའི་མིང་གི་རྣམ་གྲངས་ལ། ཤི་བ། འདས་པ། གཉིད། ནང་གི་ངལ་གསོ་སོགས་བྲིས་འདུག  སྤྱིར་བཏང་བྱས་ན། ལུང་པ་ཞིག་གི་ནང་དུ་འགྱུར་བ་དེ་དལ་པོར་ཕྱིན་པ་ཞིག་དང་དེའི་རྒྱུ་རྐྱེན་ཡང་ སྤྱིར་བཏང་གིས་སྣ་ཚོགས་པ་ཞིག་སྟེ་མགོ་འཁྲིད་ཉམས་གུད་དུ་སོང་བ་དང་། དཔལ་འབྱོར་གྱི་རྙོག་འཛིང་། སྤྱི་ཚོགས་བརྟན་ལྷིང་མེད་པ། ནང་ཁུལ་གྱི་འགལ་ཟླ་ཡོད་པ་བཅས་ཀྱི་དུས་ཚོད་ཅིག་གི་ནང་ལ་མིང་ཚིག་འདི་བེད་ སྤྱོད་བྱེད་པ་རེད། དེ་ལྟར་ན། ཨོ་སི་ཊི་རོ་-ཧེན་གཱི་རི་ཡཱན་གོང་མ་ (the Austro-Hungarian Empire) གྲོངས་པ་ཞེས་བཤད་ན་འགྲིག་ཡོད་མོད། ནཱ་ཛི་འཇར་མེ་ནཱི་ཡིས་བཙན་འཛུལ་བྱས་སྟབས་ ཅེག་གི་སི་ལོ་ཝི་ཡཱ་ཤི་བ་ཞེས་བཤད་རྒྱུ་ནི་ཏན་ཏན་མི་འགྲིག་པ་ཞིག་ཆགས་ཀྱི་ རེད་ལ། ཡང་ན་རྒྱ་ནག་གིས་བཙན་འཛུལ་བྱས་ཡོད་དུས་བོད་ལ་ཡང་དེ་ལྟར་ཆགས་ཀྱི་ཡོད། “བླ་མའི་རྒྱལ་ཁབ་ལ་ཇི་བྱུང་དེ་འགྲེལ་བརྗོད་བྱེད་པ་ལ་དེ་ལས་འོས་ཆེ་བ་དང་ཏག་ ཏག་འགྲིག་པའི་མིང་ཚིག་ནི་ བསད་པ་དང་ཡང་ན་བཅོམ་པ་ཡང་ན་དེ་ལས་ཀྱང་ལེགས་པ་རྩ་མེད་ཅེས་པ་རྣམས་རེད།

འདི་ འདྲའི་ཁྱད་པར་ལ་ཨུ་ཚུགས་བྱེད་པ་ནི་དོན་ཆུང་རྩོད་པ་ཞིག་ཡིན་པར་མི་འདོད། ༡༩༣༦ ལོར་ཨི་ཊ་ལི་ཡིས་ཨི་ཐིའོ་པི་ཡ་ (Ethiopia) ལ་བཙན་འཛུལ་བྱས་པའི་རྗེས་དེར་ ཧཱ་རོལ་ཌི་ མག་མི་ལེན་ (Harold Macmillan) ༼དུས་དེར་བར་སྡོད་སྤྱི་འཐུས་ (back-bencher) ཤིག་རེད།༽གྱིས་ དུས་བབ་ ཅེས་པའི་ཚགས་པར་ལ་ཡི་གེ་ཞིག་བཏང་ནས། དབྱིན་ཇི་དང་ཧྥ་རི་སིའི་ཕྱི་འབྲེལ་བློན་ཆེན་ ༼ཧོ་རེ་དང་ལེ་ཝེལ་༽གཉིས་ཀྱིས་༼ཨི་ཊ་ལིའི་བཙན་དཔོན་༽མཱུ་སོ་ལི་ནཱི་ལ་འགྲིགས་ འཇགས་བྱས་པ་དང་འདི་ཚོ་ཚང་མ་ཨི་ཊ་ལི་པའི་སྐྱོན་ཇི་ཙམ་ཡོད་པ་དེ་ཙམ་ཞིག་ཨི་ ཐིའོ་པ་ཡ་བ་རྣམས་ལ་ཡོད་པར་སྟོན་པའི་སྡར་མའི་སྤྱོད་པ་ལ་ངོ་རྒོལ་བྱས་པ་རེད། མག་མི་ལཱེན་གྱི་ཚིག་གྲུབ་མཐའ་མ་དེས་དངོས་གནས་གོ་རྟོགས་སྤེལ་ཡོད་དེ། “ང་དམར་གསོད་བཏང་བའི་མི་ཞིག་གི་དུར་ཁྲོད་མཛད་སྒོ་ལ་བཅར་མ་མྱོང་། ངས་དེ་ནི་དེ་འདྲའི་མཛད་སྒོ་ལ་ཤི་མཁན་དང་གསོད་མཁན་བར་གྱི་ཁྱད་པར་ཏོག་ཙམ་ཞིག་ འབྱེད་ཆེད་གོ་བ་ལེན་པ་ཡིན།”ཞེས་བྲིས་འདུག

མི་ གཅིག་གིས་ཨུ་རུ་སུའི་གསར་བརྗེ་གླེང་དུས། མི་དེས་ཁྲིམས་མཐུན་གྱི་ཐོག་ནས་ གོང་མ་གཟར་ (the Czar) དང་གོང་མའི་གཞུང་གི་ཆབ་སྲིད་ནོར་འཁྲུལ་ཅན་དང་འཐུས་ཤོར་དེས་གསར་བརྗེ་ཡོང་ དགོས་པའི་ཆ་རྐྱེན་བསྐྲུན་པ་རེད་ཅེས་བསྟན་ཆོག  ཡིན་ན་ཡང་བོད་མི་ཚོས་བཙན་འཛུལ་ཡོང་དགོས་པའི་ཆ་རྐྱེན་དེ་ཚོ་བསྐྲུན་མེད་པ་ནི་ ང་ཚོས་གསལ་པོར་ཤེས་དགོས། ཡིན་དང་ཡིན། བོད་མི་ཚོས་ཏན་ཏན་བཙན་འཛུལ་སྔོན་འགོག་ཆེད་དམག་ཤུགས་ཀྱི་ཐད་ནས་གྲ་སྒྲིག་ཡག་ ག་བྱེད་ཐུབ་ཀྱི་ཡོད། ཡིན་ན་ཡང་། ཁོང་ཚོས་བཙན་འཛུལ་ཡོང་དགོས་པའི་རྒྱུ་རྐྱེན་བསྐྲུན་མེད། འདི་གཉིས་ཀྱི་བར་དུ་མི་འདྲ་བའི་འཛམ་གླིང་གཅིག་ཡོད། དམག་འཁྲུག་གོང་གི་པོ་ལཱན་ཌི་དང་ ཅེག་གི་སི་ལོ་ཝི་ཡཱ་ལ་མཚོན་ན་རང་རང་གི་འཐུས་ཤོར་གྱི་ཆ་ཡོད་མེད་ལ་དྭོགས་པ་ ཡོད་མ་རེད། ཡིན་ན་ད་བར་གྱི་ཚད་ལྡན་གྱི་རྒྱལ་རབས་པ་སུ་གཅིག་གིས་ཀྱང་དེ་ཚོ་ནི་ནཱ་ཛིའི་ བཙན་འཛུལ་དེ་ཁྲིམས་མཐུན་ཡིན་པར་སྒྲུབ་པ་དང་ཡང་ན་ཁག་འགེལ་བྱེད་ས་ཞིག་ཡིན་པར་ འགྲེལ་བཤད་བྱེད་རྩིས་བྱས་མེད།

ང་ ཚོས་ད་དུང་པོ་ལཱན་ཌིའི་མི་མང་ལ་ཧ་ལམ་འཇར་མི་ནཱི་ལ་མཉམ་པའི་དམག་མི་ཡོད་པ་ རེད་ལ། ཅེག་གི་སི་ལོ་ཝི་ཡཱ་ལ་མཚོན་ན་དམག་སྟོབས་ཆེན་པོ་ཙམ་མ་ཡིན་པར་ཡུ་རོབ་ཀྱི་ མཚོན་ཆའི་བཟོ་གྲྭ་ཆེ་གྲས་གཅིག་ཡོད་པ་རེད། བོད་མི་ཚོ་ལ་ག་རེ་ཡོད་པ་རེད། གྷོལ་ཌི་སི་ཐེན་ལྟར་ན་རྒྱ་བོད་ས་མཚམས་སུ་བོད་དམག་དཀྱུས་མ་ ༣༥༠༠ སྐོར་ཞིག་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་རྒྱ་དམར་ལ་མཚོན་ན། ༡༩༥༠ ལོའི་སྟོན་ཁར་ དམག་མི་ས་ཡ་ལྔ་སྐོར་ཞིག་ཡོད་པ་རེད། ༼༢༤༽ ངས་བོད་མི་ཚོས་བཙན་འཛུལ་དེ་སྔོན་འགོག་བྱེད་ཐུབ་ཀྱི་མ་རེད་ཟེར་གི་མེད། བོད་མི་མང་པོས་ང་ཚོས་བྱེད་ཐུབ་པ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཡིད་ཆེས་དེ་དོན་དངོས་མཐུན་པ་ཇི་ཙམ་ཡིན་མིན་རྩོད་པ་བྱེད་རུང་བ་ཞིག་ཡིན་མོད། “བླ་མའི་རྒྱལ་ཁབ་ཤི་བ་” དེའི་འཕྲལ་དང་ཐད་ཀའི་རྒྱུ་རྐྱེན་ནི་ རྒྱ་ནག་གུང་ཁྲན་ཏང་གི་འགྲན་ཟླ་བྲལ་བའི་དམག་སྟོབས་ཆེན་པོ་དེས་བོད་ལ་དམག་ ཤུགས་ཀྱིས་བཙན་འཛུལ་བྱས་པ་དེ་ཡིན་པ་ལས། བོད་ཀྱི་གཞུང་འཛིན་གྲལ་རིམ་དང་སྤྱི་ཚོགས་ཀྱི་ཆབ་སྲིད་དང་ཡ་རབས་འཐུས་ཤོར་ ཕྱིན་པ་དེ་མིན་པ་ནི་གསལ་པོ་བཟོ་དགོས་པ་རེད།

གྷོལ་ ཌི་སི་ཐེན་གྱིས་འབད་པ་དང་བཅས་རང་གི་རྒྱལ་རབས་དེས་བོད་ཀྱི་ལས་དབང་འདི་ནི་ཨུ་ རུ་སུའི་གོང་མ་གཟར་གྱི་ངང་ཚུལ་ཇི་བཞིན་ལོ་རྒྱུས་ཀྱི་ཐོག་ནས་བཟློག་ཏུ་མེད་པ་ ཞིག་རེད་ཅེས་སྟོན་པར་བསྒྲུབས་པ་ནི་ངོ་མ་གླེན་རྟགས་ཤིག་རེད།  གང་ལྟར་ཡང་སྐྱེ་བོ་སུ་ཞིག་གིས་བོད་ཀྱི་ཆབ་སྲིད་ལམ་ལུགས་རྙིང་པ་དེ་ལ་མོས་ མཐུན་མི་བྱེད་པའམ་ཐ་ན་རྒོལ་གཏམ་གཏོང་ན་ཡང་། དུས་དེར་བོད་ཀྱི་སྤྱི་ཚོགས་ནང་རྒྱ་ཆེ་བའི་ནང་ཁུལ་འགལ་ཟླ་དང་སྤྱི་ཚོགས་བརྟན་ ལྷིང་མེད་པའི་རྣམ་པ་མངོན་གསལ་དོད་པོ་དེ་འདྲ་ཡོད་ཚུལ་བརྗོད་པ་ནི་དྲང་པོ་མིན་ པ་དེ་གསལ་པོ་རེད། ཡིན་ན་ཡང་། སྔར་སྲོལ་མཁྲེགས་འཛིན་ལམ་ལུགས་ཤིག་གི་ནང་རང་གི་དབང་བསྒྱུར་བ་ལོ་ན་མ་སོན་བར་ དུ་ཆབ་སྲིད་གཏན་འབེབས་དང་ལག་བསྟར་བྱེད་པ་ལ་སྒུག་དགོས་པ་འདིའི་སྐོར་གྱི་དྲི་ བ་རྒྱུན་ལྡན་པ་ཞིག་ནི་ཡོད་ཡོད་རེད། ཡིན་ན་ཡང་། གཙོ་འཛིན་དང་རྒྱལ་པོ་མགོ་རྟིང་སློག་ཏུ་འཇུག་པའི་རྒྱུན་ལྡན་གྱི་གནད་ཆེའི་ དོན་དངོས་སྟེ། དཔེར་ན་དཔལ་འབྱོར་གྱི་དཀའ་ངལ་དང་ཞིང་ལས་ཀྱི་འཐུས་ཤོར། ད་དུང་རིན་ཐང་ཚད་མེད་འཕར་བ་ ༼འཇར་མེ་ནཱིའི་ཝའེ་མཱར་སྤྱི་མཐུན་དང་རྒྱ་ནག་གི་གོ་མིན་ཏང་གི་གནས་ཚུལ་གྱི་ ནང་བྱུང་བ་༽ལྟ་བུ་ནི་བོད་ལ་མཚོན་ན་ཡོད་མ་རེད་ཅེས་པའི་ཚིག་ཁོ་ནས་འགྲེལ་བཤད་ རྒྱག་ཐུབ་པ་རེད། ༡༩༤༧ ལོར་བོད་དུ་ཕྱིན་པའི་ཡུ་རོབ་པ་ཞིག་གིས་བརྗོད་དོན་ལ། ཕག་རི་ས་ཁུལ་གྱི་དངུལ་ཛ་སྒྱུར་བྱེད་མཁན་ཚོས་ རྒྱ་གར་༼དབྱིན་ཇིའི་རྒྱ་གར་༽སྒོར་མོའི་ཛ་ཆག་ནས་ “དེ་ལས་བརྟན་ཆེ་བའི་བོད་ཀྱི་སྒོར་མོ་ལས་རིན་ཆུང་བ་ཡོད་པ་རེད་”༼༢༥༽ཅེས་ནན་ བཤད་བྱེད་ཀྱི་འདུག་ཟེར། ངོ་མ་བཤད་ན་བཙན་འཛུལ་གྱི་སྔ་དགུང་དེར་ཡང་། བོད་ནི་ཏོག་ཙམ་ཡིད་ཚིམ་འོས་པ་ཞིག་དང་དམག་འཁྲུག་གི་མཇུག་དེ་མ་ཐག་གི་ཡུ་རོབ་ ཀྱི་རྒྱལ་ཁབ་ཚོ་ལས་ཕལ་ཆེར་ལེགས་པ་ཞིག་གི་ཐོག་ནས་འགྲོ་བཞིན་ཡོད་པ་རེད།

ངས་ སྔོན་དུ་བཤད་པ་ལྟར་དཔལ་འབྱོར་གྱི་ཐོག་ནས་བོད་འདི་ཧ་ཅང་འགྲིག་བསྡད་ཡོད་པ་ རེད། ཆབ་སྲིད་ཀྱི་ཐོག་ནས། བོད་ཀྱི་ཕྱི་རྒྱལ་ལས་ཁུངས་དང་ལྷ་ས་རླུང་འཕྲིན་བཙུགས་པ་དང་། ཨ་ཧྥི་རི་ཀ་དང་ཨེ་ཤ་ཡའི་ཚོགས་འདུ་ལ་ཞུགས་པ་བཅས་ཀྱི་ཐོག་ནས་འཛམ་གླིང་གི་ སྤྱི་ཚོགས་ནང་ཞུགས་རྒྱུའི་ཆེད་རང་གི་ཐོག་མའི་གོམ་པ་ཆུང་གྲས་དེ་སྤོ་བཞིན་ ཡོད་པ་རེད། ཐ་ན་དགོན་པའི་རྙིང་ཞེན་པ་ཚོས་ཀྱང་དེང་རབས་ཅན་དང་ནུབ་ཕྱོགས་པའི་སློབ་སྦྱོང་ གི་རིན་ཐང་དེ་ཚོ་ཤེས་མགོ་ཚུགས་ཡོད་པ་རེད། ༡༩༤༧ ལོར་བོད་གཞུང་གིས་མཐུན་རྐྱེན་སྦྱར་ཏེ་ རྡོ་རྗེ་གླིང་གི་སཱེན་ཊི་ ཇཱོ་སི་ཕི་མཐོ་སློབ་ཏུ་སློབ་མ་བཅུ་གཏོང་གཏན་འཁེལ་སྐབས་དེར་སེར་མོ་བའི་ལས་ བྱ་ཚོས་སློབ་མ་ལྔ་དགོན་པའི་སྡེ་ཁག་ནས་གཏོང་དགོས་པའི་སྐུལ་ལྕག་བྱས་ཡོད་པ་ རེད། ཐ་ན་དགོན་སྡེ་དག་དང་བླ་བྲང་དེ་ཚོ་ཡང་འགྱུར་བ་འགྲོ་མགོ་བརྩམས་ཡོད་པ་རེད། རྭ་སྒྲེང་དགོན་པའི་ཐོག་ནས་བཀའ་བློན་སྦུག་གི་ཀུ་མུ་དི་ནི་ཁྱིམ་སྡེའི་སློབ་ གྲྭ་དེར་དེང་རབས་མཐོ་སློབ་ཀྱི་སློབ་སྦྱོང་ལེན་ཕྱིར་བྱིས་པ་བཅུ་གཉིས་བཏང་བ་ རེད། ང་ལ་ཤི་ལོང་ཞེས་པའི་ས་ཆར་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ལས་བྱ་བགྲེས་ཡོལ་ཞིག་ ལ་ཐུག་པ་དེས་ཁོང་ནི་དེའི་གྲས་སུ་འདམས་པའི་སློབ་མ་གཅིག་ཡིན་ཞེས་བཤད་བྱུང་།

ད་ དུང་རྭ་སྒྲེང་གི་རྙོག་ཁྲ་དེ་མི་མང་གི་སེམས་ནས་ཡལ་བཞིན་ཡོད་པ་དང་།  ཡིད་འགུག་པ་དང་ཐུགས་རིག་གྲུང་བའི་༧རྒྱལ་བ་རིན་པོ་ཆེ་༼༧སྤྲུལ་སྐུ་འདམ་ཕྱོགས་ འདི་ལ་རྩོད་རྙོག་རྩ་ནས་མེད་པ་དང་དགའ་སྤྲོ་དང་བཅས་སྤྱི་མོས་ཀྱང་བྱས་ཡོད།༽ དགུང་ན་སོན་ཉེ་ཡོད་བརྟེན། སྤོབས་པ་ཏོག་ཙམ་དང་བཅས་༼འགལ་ཕྱོགས་ཀྱི་ལོ་རྒྱུས་ལ་ལག་པ་མ་འཆང་བར་༽བཤད་ཐུབ་ པ་ཞིག་ལ། གལ་སྲིད་རྒྱ་ནག་གི་བཙན་འཛུལ་མེད་ཚེ། བོད་ནི་རིམ་གྱིས་འགྱུར་བ་སོང་ནས་བཅོས་བསྒྱུར་བྱས་ཡོད་པ་རེད་༼ལམ་དུ་ཡོད་པའི་ བཟློག་མེད་ཀྱི་དཀའ་ངལ་ཆུང་ཚགས་འགའ་རེ་ཡོད་ཤག་དང་བཅས་༽ལ། ཐ་ན་རང་གི་གཞུང་དེ་ཡང་མང་གཙོའི་ལམ་དུ་བསྒྱུར་ཡོད་སྲིད་པ་རེད། འབྲུག་ཡུལ་གྱིས་ད་ལྟའི་དེ་ལྟར་བྱེད་རྒྱུར་ཕྱོགས་ཡོད་པ་ལྟར་རེད།

ངོ་མ་བཤད་ན་བོད་ནི་ཧི་མ་ལ་ཡའི་རྒྱལ་ཁབ་གཞན་དག་དང་བསྡུར་ན་འགྱུར་བཅོས་ཀྱི་ལམ་ཁའི་ཐོག་སྔོན་ལ་བསྐྱོད་ཡོད་པ་རེད། རྒྱལ་རབས་པ་ཨེ་ལེག་སི་ མེག་ཀའེ་ (Alex McKay) ཡིས་བཤད་དོན་ལ། “སྦས་ཡུལ་བོད་”ཀྱི་སྣང་བརྙན་ནི་མཚར་སྒྲུང་ཞིག་རེད་ལ། ༡༩༥༠ ལོའི་རྒྱ་ནག་གི་བཙན་འཛུལ་མ་བྱས་གོང་དུ་ “ཧི་མ་ལ་ཡའི་རྒྱལ་ཁབ་དཔེར་ན་འབྲུག་ཡུལ་དང་ཟངས་དཀར། ད་དུང་བལ་ཡུལ་ལ་ཕྱིན་པའི་གྲངས་ཀ་ལས་ཀྱང་ཆེས་མང་བའི་”༼༢༦༽ནུབ་ཕྱོགས་པ་བོད་དུ་བསྐྱོད་ཡོད་པ་རེད། འགྲུལ་བཞུད་པའི་གྲངས་འབོར་ནི་ཆུང་ཆུང་ཞིག་ཡིན་པ་ནི་ཞུ་མ་དགོས་པ་ཞིག་རེད། ཡིན་ན་ཡང་གོང་གསལ་གྱི་བསམ་ཚུལ་དེ་སྟོན་རྒྱུ་ཁོ་ནའི་ཆེད་དུ་བསྡུར་རིམ་འདི་ཡང་བྱས་པ་ཡིན་ནོ༎

མཆན་དང་ཁུངས།
 [1] E.R. Hooton, The Greatest Tumult: The Chinese Civil War 1936-49, Brassey’s (UK), 1991.
[2] Amaury de Riencourt, Lost World Tibet, Key to Asia, Victor Gollancz, London 1950.[3] Tsung-lien Shen & Shen-chi Liu, Tibet and the Tibetans, Stanford University Press, California, 1953.[4] K. Dhondup, The Water-Bird and Other Years, A History of the 13th Dalai Lama and after, Rangwang Publishers, New Delhi, 1986.[5] སྡེ་ཁག་གཅིག་གིས་ཀྱང་ས་ཆ་བཞག་ནས་བྲོས་པ་དང་། ངོ་ལོག ཡང་ན་མགོ་འདོགས་བྱས་རིགས་མེད། སྡེ་ཁག་མང་པོ་ཞིག་ནི་བོད་ཀྱི་གཞུང་དམག་དང་ལྷན་དུ་བཞག་ཡོད་པ་དེ་ཚོས་ཧ་ལས་ པའི་རྐྱེན་ངན་ལ་ཁ་གཏད་བཅག་པ་རེད་ལ། ཁ་ཤས་ཤིག་རྩ་མེད་དུ་ཕྱིན་པ་རེད། ཆབ་མདོ་གྲོང་ཁྱེར་དུ་མདོ་སྤྱི་ཐོན་ཟིན་པའི་ཤུལ་དེར་སྡེ་ཁག་གཅིག་གིས་ལས་ཤག་དེ་བཅོམ་ཡོད་པ་འདྲ་མོད། རཱོ་བྷར་ཊི་ ཧྥོར་ཌི་ལྟར་ན། བོད་ཀྱི་གཞུང་དམག་ཚོའི་ཁག་གཅིག་ལ་ཡོད་པ་ཇི་བཞིན་གྱི་འགྲུལ་སྐྱེལ་མཐུན་ རྐྱེན་མེད་པ་དེས་ཁམས་པ་ཚོ་ཁོང་ཁྲོ་ལངས་བཅུག་པ་དང་། ཁོང་ཚོས་དྲང་བདེན་གྱི་ཐོག་ནས་རང་གི་མགོ་འཁྲིད་ཀྱིས་རྒྱབ་ཏུ་བསྐྱུར་བཞག་པ་ ཞིག་ཚོར་བ་རེད་ཅེས་བརྗོད་འདུག ཡིན་ན་ཡང་། ཧྥོར་ཌི་ཡིས་དེ་ནས་ང་ཚོ་ལ་བཤད་དོན་ལ། དམག་སྤྱི་རྨུ་རྒྱ་ཡི་དཔུང་ཁག་ཡིབ་བཞིན་པ་དེ་ཚོ་རྗེས་ལ་ཆབ་མདོའི་གྲོང་ བརྒྱུད་ནས་སོང་ཞིང་། གྲོང་ཁྱེར་དུ་དགའ་སྤོབས་ཀྱིས་ཁེངས་ཞིང་། སྒྲིག་ལམ་བསྐྱར་གསོ་བྱུང་བ་རེད། ཅེས་བཤད་འདུག[6] Discussion with Tsering Shakya.[7] Bernard Lewis, From Babel to Dragomans. Page 389.[8] Alastair Lamb, Britain and Chinese Central Asia, The Road to Lhasa 1767 to 1905, Routledge and Keegan Paul, London, 1960. Pg 180.[9] L.A. Waddell, Lhasa and its Mysteries, London, 1905.[10] Lamb, Ibid. Pg 186.[11] Ibid Page 203[12] སྐུ་ཚེ་གང་རིང་རྡོར་གླིང་དུ་བཞུགས་པའི་ངེད་ཀྱི་ཨ་མའི་རྨོ་ལགས་ཚེ་འཛིན་སྒྲོལ་མ་ལགས་དང་ལྷན་དུ་བཀའ་མོལ་ཞུས་པ།  ཆུ་རྫིང་གི་རྒྱབ་དེ་ག་རང་དུ་ཡོད་པའི་ བྷི་ལེ་ཝུ་མགྲོན་ཁང་དེ་ངེད་ཀྱིས་ནང་མིའི་རེད། འཇམ་ནོར་གྱིས།
[13] ibid pg 215
[14] དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་པ།  Wikipedia, http://en.wikipedia.org/wiki/Younghusband_Expedition([15] Berry Scott, Monks, Spies and a Soldier of Fortune: The Japanese in Tibet, St. Martin’s Press, New York, 1995.[16] Markov.S., ‘Tibetskye Chetki” (“Tibetan rosary”). P 101, Prostor (Alma-Ata), No 1, 1976.[17] Ular Alexander, ‘The Policy of the Dalai Lama’, pg 42-43. Contemporary Review, No 87, January-June 1905[18] Shakabpa, Tsepon W.D. Tibet: A Political History, Yale University Press, 1967.[19] Conversation with my mother Lodey Lhawang, nee Tethong.[20] Maja Tsewang Gyurme, interview 14 March 1992, Dharamshala.[21] Yuthok Dorjee Yudon, House of the Turquoise Roof, Snow Lion Publications, Ithaca NY., 1990.[22] Drakton Jampa Gyaltsen, conversation in Dharamshala in 1997.[23] D.S. Kansakar Hilker, Syamukapu; the Lhasa Newars of Kalimpong and Kathamandu, Vajra Publications, Kathamandu, 2005.[24] O’Balance, Edgar., The Red Army of China, Faber & Faber , London, 1962.[25] Ibid. Amaury de Riencourt[26] Alex McKay, Tibet and the British Raj; The Frontier Cadre 1904-1947, Curzon Press, 1997 Surrey.

བསྒྱུར་མཁན་གྱི་མཆན།
    •གོང་གསལ་གྱི་ཆ་དང་པོ་འདི་བསྒྱུར་གྲུབ་ནས་འདིར་བཀྲམས་ཡོད་ཅིང་། ཆ་གཉིས་པ་དེ་མི་རིང་བར་བསྒྱུར་ནས་འདི་དང་ལྷན་དུ་འགྲེམས་སྤེལ་ཞུ་གི་ཡིན།
    •དབྱིན་ཡིག་གི་མ་ཡིག་ནི་ཟུར་གསལ་གྱི་འབྲེལ་ཐག་ན་ཡོད་པས། ཀློག་མཁན་ཚོས་འགྱུར་བཅོས་དང་གསལ་བཤད། ནོར་བཅོས་སོགས་གནང་ན་དེ་ལུགས་ཀྱིས་འགྱུར་བཅོས་ཞུས་ཆོག་པ་ཞུ།
    •རྩོམ་པ་པོ་སྐུ་ཞབས་འཇམ་ནོར་ལགས་ཀྱིས་ཕྲན་ལ་རྩོམ་ཡིག་འདི་བསྒྱུར་བའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།

  (གྷོལ་ཌི་སི་ཐེན་དང་བོད་ཀྱི་རྒྱལ་རབས་མེད་པར་བཟོ་བ་ཞེས་པའི་ཆ་དང་པོ་རྫོགས་སོ། །)

 

 

བསམ་ཚུལ་འབྲི་བ།

མིང་:
བསམ་ཚུལ།:
Site Powered by Airjaldi. Designed, developed & maintained by Monlam Designs
Joomla 1.5 Templates by JoomlaShine.com