ངྷ་ས་ནས་དགྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཝང་ལི་ཞོན་ལ་ངོ་རྒོལ་བྱས་འདུག  E-mail

        ༢༠༠༩ལོའི་ཟླ་༦པའི་ཚེས༢༣ཉིན་གྱི་ཕྱི་དྲོ་ཆུ་ཚོད་གསུམ་པའི་ཕྱི་དྲོར་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག དགྱ་ནག་གི་རྩོམ་པ་པོ་གྲགས་ཅན་ང་ལུ་ཞོན་དང་མཉམ་དུ་བོད་ཀྱི་ན་གཞོན་ཁག་ཅིག་ལ་བོད་རྒྱའི་སྐོར་ལ་བསམ་ཚུལ་བརྗེ་རེས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་ཤིང་ཐེངས་འདིའི་ཚོགས་འདུའི་འགོ་འཛུག་སྐབས་བཅུད་པར་གཡང་མཁོ་རྒྱལ་ལགས་ནས་ཚོགས་གཞོན་ཀུན་ཐར་ལགས་ལ་བསམ་ཚུལ་ཞུ་ཆོག་པའི་བཀའ་འཁྲོལ་ཞུས་རྗེས་ཝང་ལི་ཞོན་གྱི་མདུན་དུ་ཡར་ལངས་ནས་བརྗོད་དོན།  ད་ཐེངས་ཀྱི་གསལ་བཤད་དོན་ཚན་བརྒྱད་ཅན་ལ་མིང་རྟགས་བཀོད་མཁན་གཞོན་སྐྱེས་ལྔའི་ཞི་རྒོལ་ནི་ཚོགས་སྡེ་དང་སྒྲིག་གཞི་གང་ལ་ཡང་མི་གཏོགས་པའི་སྒེར་ངོས་ཀྱི་ཞི་རྒོལ་ཞིག་ཡིན་ལ།  ཁོ་བོས་བྲིས་པའི་དོན་ཚན་བརྒྱད་ཅན་གྱི་གསལ་བཤད་འདིར་མིང་རྟགས་བཀོད་ཟིན་པའི་རྩོམ་པ་པོ་ལྔའི་ཚབ་བྱས་ཏེ་ངོ་རྒོལ་བྱེད་དོན་ཡང་དུས་ཡུན་རིང་བོ་ཞིག་གི་རྟོག་དཔྱད་བརྒྱུད་ནས་ཁོ་རང་མི་འདི་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཅེས་གོང་གསལ་དོན་ཚན་བརྒྱད་ཅན་གྱི་གསལ་བཤད་དེ་ཝང་ལི་ཞོན་གྱི་མདུན་དུ་ཤུགས་ཆེར་སྒྲོག་སྦྱོང་བྱས་པ་མ་ཟད།  ཁོ་དང་གཟུངས་ཕྱུག་སྐྱིད་གཉིས་ནས་ཚོགས་མིའི་བྱང་བུ་ཕྱིར་ཚོགས་གཙོ་དང་ཚོགས་གཞོན་གཉིས་ལ་སྤྲད་དེ་ཚོགས་པ་ནས་དགོངས་པ་ཞུས་རྗེས་བཅུད་པར་གཡང་མཁོ་རྒྱལ་ཐད་ཀར་ཚོགས་ཁང་ནས་ཕྱིར་འབུད་ཀྱང་བྱས་སོང་། 

           ཐེངས་འདིར་གཞོན་སྐྱེས་མང་པོ་ཞིག་གིས་བོད་རྒྱའི་གནད་དོན་ཐད་ཀྱི་དྲི་བར་རྒྱ་རིགས་རྩོམ་པ་པོ་ཝང་ལུ་ཞོན་གྱིས་ལན་འདེབས་བྱེད་སྐབས།  ནུབ་ཕྱོགས་ཀྱི་མང་གཙོའི་ལམ་ལུགས་ལ་བརྟེན་ནས་དགྱ་ནག་མང་གཙོར་གྱུར་ནའང་བོད་དགྱ་མི་རིགས་ཀྱི་གནད་དོན་སེལ་ཐུབ་རྒྱུ་མིན་ཚུལ་དང་། ནུབ་ཕྱོགས་མང་གཙོའི་ལམ་ལུགས་ཏེ་བཙན་བྱོལ་གཞུང་གི་ཁོར་ཡུག་ལ་དེ་འདྲའི་འོས་འཚམས་མིན་ལུགས། ༸གོང་ས་མཆོག་དགོངས་པ་རྫོགས་རྗེས་བཙན་བྱོལ་གཞུང་འཐོར་ཉེས་སུ་འགྲོ་རྒྱུར་ཉེན་ཁ་ཆེ་ཚུལ་སོགས་ཀྱང་བརྗོད་ཡོད་ལ། གཞན་ཡང་ཁོ་རང་ཕྱིར་ལོག་རྗེས་དགྱ་གཞུང་གིས་འདྲི་གཅོད་བྱས་པ་ཡིན་ན་ཅི་ལྟར་ལན་འདེབས་གནང་རྒྱུ་ཡིན་པའི་སྐོར་ལ་ལན་འདེབས་བྱེད་སྐབས།  གནས་ཚུལ་མཐའ་དག་ཇི་མ་ཇི་བཞིན་གསལ་བརྗོད་བྱེད་རྒྱུ་ཡིན་ཚུལ་ཀྱང་བསྟན་ཡོད་པ་རེད།

        མཇུག་མཐར་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་མཇུག་སྡོམ་གྱི་གཏམ་བཤད་གནང་སྐབས། བཙན་བྱོལ་སྤྱི་ཚོགས་ནི་རང་དབང་མང་གཙོ་ལྡན་པའི་སྤྱི་ཚོགས་ཤིག་ཡིན་པར་བརྟེན། ཐེངས་འདིའི་བགྲོ་གླེང་ཚོགས་རའི་ནང་མི་རེ་འགའི་ངོ་རྒོལ་རྣམ་པ་བསྟན་པ་དེ་ནི་ཧ་ཅང་རྒྱུན་ལྡན་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་ཀྱང་བྱས་སོང་།


གོང་གསལ་ཞི་རྒོལ་གྱི་གསལ་བཤད་དོན་ཚན་བརྒྱད་ནི་འདི་ལྟར།

གཅིག     སྲིད་དབང་སྒེར་འཛིན་རིང་ལུགས་པ་གུང་ཁྲན་ཏང་གི་གཅེས་ཕྲུག

གཉིས།      རྒྱ་ནག་སྲིད་གཞུང་གི་གསང་བའི་སློབ་སྟོན་པ།

གསུམ།    རྒྱལ་སྤྱིའི་སྡིངས་ཆ་ནས་བོད་དོན་གླེང་ཁུལ་གྱིས་འཛམ་གླིང་མི་མང་ལ་གཡོ་རྫུ་སྟོན་མཁན།

བཞི་བ།    རང་གཅེས་ཆེ་བའི་མི་རིགས་རིང་ལུགས་ཅན་གྱི་བོད་མིའི་བསམ་བློའི་གསང་ཉུལ་བ།

ལྔ་བ།      ཕྱི་སྡོད་བོད་མི་དང་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་མི་ཚོར་མགོ་སྐོར་གཏོང་མཁན།

དྲུག་པ།    བཙོན་འཇུག་ཉེས་ཆད་ཁུར་མི་དགོས་པའི་གསོབ་རྫུའི་མང་གཙོ་འཚོལ་མཁན།

བདུན་པ།  རང་ཉིད་ཁེ་གྲགས་ཀྱི་ཆེད་དུ་བོད་དོན་ལག་ཆར་བེད་སྤྱད་བྱས་ནས་ཕུགས་རྒྱང་རིང་བའི་ཁེ་བཟང་བརྩོན་ལེན་བྱེད་མཁན།

བརྒྱད་པ། བཙན་བྱོལ་བོད་གཞུང་ལ་ཡོང་བའི་རྒྱ་ནག་གི་ཨ་བན་ཐོག་མ་བཅས་ལ་ངོས་འཛིན་བྱེད་ཀྱིན་ཡོད།

 
བསམ་ཚུལ། (19)
1 Wednesday, 24 June 2009 16:45
སྒྲོ་མ།
ངར་བ་རེད། རྒྱ་རྒན་དེ་ལ་ངོ་རྒོལ་བྱེད་དགོས་ཞིག་ཡོད། བོད་པ་ཁ་ལ་ཁུར་ནས་རྒྱ་རིགས་ལ་ཤ་ཞེས་ཆེན་པོ་ཡོད།
2 Wednesday, 24 June 2009 18:09
བུད་མེད་འཚོ།
ཡ་པོ་ཞེ་དྲ་རེ། རུ་བ་རུ་བའ།་ དག་ག་རང་རུ་བ།་ རྒྱ་
ཆེ་རྒྱ་རྒྱབ་སྐྱོར་ཡོ།
3 Wednesday, 24 June 2009 18:25
བུད་མེད་འཚོ།
འདི་ནི་ཕྱི་སྡོད་རྩོམ་པ་པོ་ལ་ཁས་འཆོས་པ་དག་གིས་ཐོས་མྱོང་ལ་གོ་བ་ལོན་མྱོང་མེད་པའི་རྩོམ་པ་པོ་རང་ཚུགས་ཐུབ་མཁན་དག་གི་མྱི་གཤིས་དང་གོ་རྟོགས་ལས་ཐོན་པའི་བརྩམས་ཆོས་གསོན་པོ་ཞིག་རེད།་ རྒྱབ་སྐྱོར་ཡོད་ལ་མདུན་སྐྱོར་ཡང་ཡོད་པ་མ་ཟད། ཀི་སྒྲ་འདི་དང་མཉམ་དུ་སྐྱག་དྲི་འཐུལ་བའི་ང་ཚོའི་བརྩམས་ཆོས་རྫུན་མ་དང་རང་ཚུགས་མེད་པའི་མི་གཤིས་རྫུན་མ་དག་ལ་དག་སེལ་དང་མཚངས་འབྱིན་བྱེད་དགོས།
4 Thursday, 25 June 2009 02:58
རིག་པའི་རྡོ་རྗེ།
སྐུ་ཞབས་གཡང་ཁོ་རྒྱལ་དང་། གཟུང་ཕྱུག་སྐྱིད་གཉིས་ལ་རྒྱབ་སྐྱོར་ཡོད། རྒྱ་བཙོག་འདིས་བོད་དོན་གླེང་ཁུལ་གྱིས་དོན་ལ་རྒྱ་ནག་ཀུང་བྲན་གྱི་འགོ་ཁྲིད་ཚོར་གསང་བརྡ་དང་། དྲན་གསོ་བྱས་པ་ཉུང་ཉུང་མིན།
ཡང་གཅིག་བཤད་ན། གནས་ལུགས་ཀྱི་མདུན་ནས་མགོ་མི་སྒུར་བ་ནི་དཔའ་བོའི་མཚོན་རྟགས་ཤིག་ཡིན་ལ། གནས་ལུགས་ཀྱི་མདུན་ནས་གུ་ཡངས་གཏན་ནས་མི་གཏོང་བ་ཡང་དཔའ་བོའི་སྙིང་གི་དམ་བཅའ་ཡིན། བོད་རྒྱལ་ལོ།།
ད་དུང་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་གཟབ་གཟབ་མ་བྱས་ན། རྒྱ་བཙོག་འདིས་བོད་དོན་ཁ་ལ་ཁྱེར་བཞིན་རྒྱ་གཞུང་གིས་བཀོད་མངགས་བྱས་པའི་ལས་འགན་མཐའ་དག་བསྒྲུབ་ཐབས་བྱེད་རྒྱུ་ཉག་གཅིག་ཡིན་ནོ།།
5 Thursday, 25 June 2009 04:38
མི་བུ
ཧ་ཧ ད་བར་དུ་(མི་བུ་སྒལ་ཚིགས་ཅན)་ཞེས་པ་ཅི་ཡིན་མ་ཤེས་ཐལ། དེ་རིང་ཚོགས་མི་འདིའི་བྱེད་སྟངས་ལ་བལྟས་ནས་ཕལ་ཆེར་(མི་བུ་སྒལ་ཚིགས་ཅན)་ཞེས་པ་འདི་འདྲ་ཞིག་ཡིན་རྒྱུ་རེད། རང་ཉིད་ཀྱི་བསམ་བློའི་འཆར་སྒོ་བརྟེན་ནས་གཞན་དང་ཁ་གཏད་དུ་ལངས་བ་འདི་ལ་ད་བཟོད་མི་གཤིས་ཟེར། སྤོབས་པ་ཟེར།
6 Thursday, 25 June 2009 06:53
འབྲོག་ཆོས།
ཉི་མ་དེར་ཨ་འབྲུག་གིས་དྲི་བ་ཡག་པོ་ཞིག་བཀོད་སོང་།
ཝང་ལེ་ཞུང་གིས་ངོ་རྒོལ་དེ་མཐོང་ནས་བློ་ཕམ་བྱུང་ཚུལ་བཤད་དུས་།
ཨ་འབྲུག་དྲི་བ་ཚ་བོ་ཞིག་བཏབས་སོང་་།
ཁྱེད་ལ་དེ་ལ་ཧང་སངས་དགོས་གི་མ་རེད་ལ། བློ་ཕམ་དེ་ལས་ཀྱང་དགོས་གི་མ་རེད།
རྒྱུ་མཚན་ང་ཚོའི་སྤུན་ཟླ་སྟོང་ཕྲག་མང་བོ་བསད་སོང་བ་རེད་དེ་ང་ཚོ་ད་དུང་བློ་ཕམ་བྱུངགི་རེད།
ཁྱེད་ལ་ངོ་རྒོལ་འདི་འདྲ་ཞིག་གིས་བློ་ཕམ་བྱུང་སོང་ན་ང་ཚོས་ག་རེས་བྱ་དགོས་གི་རེད་ཟེར་ནས་དྲི་བ་ཞིག་བཏོན་སོང་།
་ངས་ཀྱང་དེ་ལྟ་བུའི་དྲི་བ་མང་བོ་ཞིག་འདོན་དགོ་བམས་ནས་ལག་པ་ཐེངས་མང་བོར་བཀྱག་ཡིན་རེ།
དྲི་བ་འདོན་མཁན་མང་དྲགས་པས་གོ་སྐབས་རེག་མ་སོང་།
7 Thursday, 25 June 2009 06:55
འབྲོག་ཆོས།
དགོངས་དྭངས་ཞུ།
གཏག་ནོར་ཁ་ཤས་ཐེབས་འདུག
8 Thursday, 25 June 2009 10:16
བཀྲ་ཤིས་དོན་འགྲུབ།
དྲ་ཚིགས་ཡག་པོ་བཟོ་འདུག རེ་བ་ལ་སྟེང་འཛིན་ཡག་པོ་ཞིག་གནང་གི་ཡོད་པར་མཐོང་སོང་ལ་བྱེད་རྒྱུ་གལ་ཆེན་རེད་དེང་སྐབས་བོད་ཕྱི་ནང་གཉིས་ཀྱི་དྲ་རྒྱ་ནང་དགོས་མེད་ཉོག་གཏམ་གི་ཁང་འདུག ཁྱེད་ཀྱི་དྲ་ཚིགས་ནང་དེ་འདྲ་མེད་པ་འདི་གཟི་བརྒྱུད་རེད།
9 Thursday, 25 June 2009 17:44
བུད་མེད་འཚོ།
རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཟེར་བ་དེ་ཅི་ཞིག་རེད། ཁྱེད་ཚོས་རྒྱ་ནག་གི་རྩོམ་སྟེགས་སྟེང་དུ་བང་ལི་ཞོན་ཟེར་བས་རྩོམ་པ་པོ་གྲགས་ཅན་ཟེར་བ་ཕར་ཞོགས། རྩོམ་པ་པོའི་གོ་གནས་ཀྱང་ཟིན་མེད་པ་ཤེས་ཡོད་དམ། ཐོལ་བྱུང་དུ་གྲགས་ཅན་དང་མཁས་དབང་སོགས་ཀྱི་ཆོ་ལོ་འདི་དུས་ནམ་ཞིག་གམ་གནས་གང་ཞིག་ནས་རྒྱུ་མཚན་གང་ཞིག་ལ་བརྟེན་ནས་བྱུང་བ་རེད། ངས་འདི་དག་གི་དགོས་པ་རྒྱུ་མཚན་ལ་སྔོག་བཤེར་བྱས་ན་འདོད་ཀི་ རི་བོང་ཅལ་འདྲོགས་ཀྱི་ཅལ་རྩོམ་པ་པོ་དག་གང་ཞིག་ལ་འདྲོགས་སོང་།
Thursday, 23 July 2009 11:32
རྐ་མ་ཆོས་འཕེལ།
སྤྱི་འཐུས་ཚོགས་ཟུར
10 Thursday, 25 June 2009 20:55
བུད་མེད་འཚོ།
དྲ་གྲོགས་ཚོ། རོགས་པ་བྱེད་རྒྱུ་ཞིག་ལ་དུས་བབ་ཟེར་བའི་ཟིན་བྲིས་དེར་ཇི་ལྟར་འཛུལ་དགོས་སམ། ང་གསར་འབྱོར་ཞིག་ཡིན་མོད། ངས་དེ་གར་ཅལ་རྩོམ་པ་པོ་མང་པོ་ཞིག་མཐོང་སོང་། ཁོ་ཚོས་བོང་ལུ་ཞོན་གྱིས་ད་ལྟའི་བར་དུ་བོད་དོན་དུ་རྩོམ་བྲིས་ཚུལ་དང་། བོང་ལུ་ཞོན་བྱམས་སྐྱོང་དང་སྣེ་ལེན་ཡག་པོ་བྱེད་དགོས་ཚུལ་སོགས་མང་པོ་ཞིག་གླེང་ཁུལ་བྱེད་ཀྱིན་ཡོད། གླེང་མཁན་དེ་དག་ནི་ཟུར་གང་ནས་བལྟས་ནའང་བོང་ལུ་ཞོན་གྱི་བརྩམས་ཆོས་ཟེར་ཐབས་མི་འདུག་མོད། རྒྱ་ཡིག་གི་ཟིན་ཐོ་དག་གི་ཕྱི་ཤུན་གྱི་གོ་བ་ཙམ་ཡང་ལོན་མི་ཐུབ་པའི་ཅལ་རྩོམ་པ་པོ་དག་རེད། དོན་ངོ་མར་ངོ་རྒོལ་བྱེད་མཁན་གྱི་རྩོམ་པ་པོ་དེ་དག་གིས་བོང་ལུ་ཞོན་གྱི་བོད་དོན་དུ་བྲིས་བྲིས་པ་དག་གི་སྤུའི་་གསེང་གི་སྡེར་མོ་རྣོན་པོ་དེ་མཐོང་ཡོད་ལ། ཁོ་ཚོའི་ཞི་བའི་ངོ་རྒོལ་དེར་རྒྱབ་སྐྱོར་ཡོད། ཞི་བ་ཟེར་བའི་གོ་དོན་ཨེ་གོ་ཀི་ ཅལ་རྩོམ་པ་པོ་དག
11 Friday, 26 June 2009 03:15
ནོར།
ད་བར་རུ་རྒྱ་རྒན་བོང་ལུ་ཞོན་ལ་ངོ་རྒོལ་བྱས་པ་དེའི་སྐོར་གྱི་གནས་ཚུལ་བཀོད་མཁན་འོད་དཀར་དྲ་རྒྱ་གཅིག་པོ་རེད། ཐུགས་རྗེ་ཆེ།
བོང་ལུ་ཞོན་སྐབས་དེར་ཁོང་ཁྲོ་ཟ་སྲོལ་ལ་བལྟས་ན། ངོ་མ་དམངས་གཙོ་ཟེཏ་བ་དེའི་སྙིང་དོན་རྟོག་མེད་པ་ཐག་ཆོད་རེད། བདེན་པ་ལ་རྒྱབ་སྐྱོར་ཡོད་པ་བཞིན་གཡང་མཁོ་རྒྱལ་ལ་རྒྱབ་སྐྱོར་གཚང་མ་ཡོད།
12 Friday, 26 June 2009 05:24
རྒོད།
ཡག་པོ་འདུག་ཐོག་མར་ངོ་རྒོལ་བྱས་ཆོག་པར་དགོངས་པ་སྦྲད་པ་དེ་ཡང་མང་གཙོ་ངོ་བོ་མཚོན་ཐུབ་བྱེད་ཅིགརེད།
འདི་འདྲིའི་རིགས་མེད་ན་སྤྱི་ཚོགས་ཡར་རྒྱས་ཟེར་བ་གང་ནས་ཡོང་ཐུབ།
13 Monday, 29 June 2009 07:47
བུ་ཆུང།
ཧ་ཧ་ཧ།ངོ་ྲརྒོལ་བྱས་པ་ཡག་པོ་འདུག་ཡིན་ནའང་ཁོང་གི་བརྩམས་ཆོས་དེ་བོད་རྒྱ་ཡིག་་རིགས་གཉིས་ནས་ཀློག་སྟེ་་བསམ་བློ་གཏོང་རྒྱུ་གལ་ཆེ་ནང་གི་དོན་ཆེན་རེད།
14 Monday, 29 June 2009 10:10
གངས་འཕྲིན།
མི་རིགས་ཤིག་ཕམ་ས་ནས་ཡང་བསྐྱར་ལངས་དགོས་ན་འཐབ་རྩོད་ལ་བརྒྱུད་བསྲིང་དགོས།
Thursday, 07 May 2009 01:52
དོན་འགྲུབ
ལོ་རྒྱུས་གཅིག་མ་གཏོག་མེད་པ་ག་རེ་བྱུང་ཡིན་ན
15 Monday, 29 June 2009 10:24
གངས་འཕྲིན།
བཙན་བྱོལ་ནི་གཏམ་རྒྱུད་ཅིག་ཡིན་ལ་རབ་རིབ་ཀྱི་ལོ་རྒྱུས་ཤིག་ཀྱང་ཡིན
16 Saturday, 04 July 2009 05:09
གངས་འཕྲིན།
རྒྱ་ཆེ་བའི་ཤེས་ལྡན་རྣམ་པའི་རྒྱ་ནག་རྩོམ་པ་པོ་དག་གིས་བརྩམས་ཆོས་དག་ལྟ་་ཀློག་བྱས་ཏེ་བགྲོ་གླེང་ཞིབ་རྒྱས་བྱ་ནི་ད་ལྟའི་འོས་འགན་ཡིན།
Monday, 07 December 2009 19:56
ཕུལ་བྱུང་གི་བོད་མི།
པུར་བྱུང་བཀའ་བློན་ཁྲི་བར་འདེམས་རོགས།
17 Saturday, 04 July 2009 21:04
རྡ་སའི་བོད་མི།
དངོས་གནས་རྩོམ་པ་པོ་ཝང་ལིས་ཞུང་གི་རྩོམ་ཡིག་ལ་ཞིབ་པར་ལྟས་ནས་འདིའི་ནང་ཡོང་མཁན་གྱི་མི་ཚོས་སྐད་ཆ་བཤད་ན་ཡག་པོ་འདུག་སྙམ། ཁོ་པས་བོད་དོན་ཐོག་གླེང་བའི་རྩོམ་ཡིག་མང་པོ་ཞིག་བོད་ཡིག་ཐོག་སྒྱུར་འདུག་ལ། འདིའི་ནང་རྒྱ་ཡིག་གི་རྩོམ་འདི་ཚོ་རྒྱ་ཡིག་ཤེས་ཤེས་མཁན་ཚོས་ཞིབ་པར་ལྟས་ན་ལེགས་སྙམ། རྡ་རམ་ས་ལར་དོགས་པ་ཡོད་པའི་རྒྱ་མི་མང་པོ་སླེབས་སོང༌། དམིགས་བསལ་ཚོགས་ཆེན་ཚུགས་པའི་སྐབས་ལ་ཡང་ཕྱི་རྒྱལ་ལ་སྡོད་མཁན་ཡིན་ཁུལ་བྱས་ནས་སླེབས་སོང༌། ཁོང་ཚོར་དོ་སྣང་མ་བྱས་པ་གང་ཡིན། རྒྱ་གཞུང་གི་གསང་མྱུལ་ཡིན་ན། རྒྱ་མིའི་སྤ་སེ་འཁྱེར་ནས་ཡོང་དགོས་དོན་མེད། ཕྱི་རྒྱལ་ལ་སྡོད་མཁན་གྱི་སྤ་སེ་འཁྱེར་ནས་རྡ་སར་རྒྱ་མི་མང་པོ་ཡོང་གི་ཡོད། གཅིག་བྱས་ན་ཝང་ལིས་ཞུང་སྐད་གྲགས་ཆགས་ཡོད་པས་རྒྱ་གཞུང་གིས་གཅུན་ཐུབ་ཀྱི་མེད་པར་བརྟེན་རྡ་སའི་བོད་མི་བེད་སྤྱོད་བྱས་ནས་གནོད་འཚེ་བཏང་བ་དང་ཝང་གི་མདུན་རྡ་སའི་བོད་མི་ཚོ་གནས་ཚུལ་གསལ་ཤེས་མི་ཐུབ་པའི་རྨོངས་པ་ཞིག་བཟོ་བའི་ཆེད་དུ་ཡིན་སྲིད། སྔོན་ལ་ཁོ་པའི་རྩོམ་ཡིག་རྣམས་ཡག་པོ་ལྟས་ནས་སྐད་ཆ་བཤད་ན་ལེགས་སྙམ།
18 Sunday, 05 July 2009 04:09
འོད་དཀར།
གྲོགས་པོ་ཁྱེད་ཀྱི་ལྦང་ལིས་ཞུང་ལ་ངོ་རྒོལ་བྱས་པ་དེ་ནོར་འདུག་བརྗོད་ཀྱི་ཡོད་ན་ངས་བསམ་པར་དེ་ནི་ནོར་ཡོད་པ་མ་རེད། འཐབ་རྩོད་ཞེས་པ་འདི་ཁ་ཤས་ཀྱི་རྒྱབ་བསྐྱོར་བྱས་ཁ་ཤས་ཀྱི་ངོ་རྒོལ་བྱེད་ན་གཟོད་རྒྱལ་ཁབ་ཞིག་གི་རྩོད་ལེན་གྱི་ངོ་བོ་ཐོན་གི་ཡོད་རེད། ངོ་རྒོལ་དེ་འདྲ་ཞིག་གིས་ཝང་ལིས་ཞུང་བློ་ཕམ་བྱུང་ཡོད་ན་ཁོས་བཤད་པའི་སྐད་ཆ་དག་དོན་ལ་གནས་མེད་པའི་མངོན་རྟག་གསར་བོ་ཞིག་ཆགས་པ་རེད། རྒྱལ་ཁབ་གཉིས་ཀྱི་རྩོད་ལེན་ཡིན་པ་ལས་ཁྱིམ་ཚང་ཞིག་གི་སྐད་ཆ་མ་ཡིན་པ་ཝང་ལིས་ཞུང་གིས་གསལ་བོ་ཤེས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། མདོ་དོན་བོད་ལ་དགྱ་ཞིག་གིས་བསམ་བློ་རྣམ་དག་ཞིག་འཁུར་གི་མ་རེད་དེ་ཤེས་དགོས་པ་གལ་ཆེན་རེད། མུ་མཐུད་ནས་བསམ་ཚུལ་ཤོད།
Tuesday, 09 March 2010 05:50
སྤང་མདའ་དཔོན།
རླབས་ཆེན་གྱི་མི་སྣ་འདི་ལྟ་བུ་མ་འོངས་པའི་བཀའ་བློན་ཁྲི་པ་ལ་སླེབས་ན་བོད་པ་ཚང་ལ་ཕན་པའི་རླབས་ཆེན་གྱི་ཕྱག་རྗེས་འཇོག་ཐུབ་མིན་ཇི་ལྟར་རུང་ཞབས་འདྲེན་དང་མི་དམངས་ནང་ཁུལ་བཀྲུགས་གཤེགས་མི་བཟོ་ཐག་ཆོད་རེད།
19 Sunday, 05 July 2009 16:13
དྲང་བདེན།
དེའི་སྔོན་ལ་ཡིན་ན་རྒྱ་དོགས་པས་ཁེངས་བོད་རེ་བས་ཁེངས་ནས་ཡོད། ད་ལྟ་བཙན་བྱོལ་ནང་བོད་ནས་གསར་འབྱོར་མང་པོ་སླེབས་ནས་བོད་དོགས་པས་ཁེངས་པ་དང་རྒྱ་རེ་བས་རྡ་སར་སླེབས་ཡོད། ཧ་ཧ་ཧ་ཧ། རེ་བ་ལ་བོད་པ་ཚོར་རྒྱ་མིའི་གཤིས་སྤྱོད་ངན་པ་དང་རྒྱ་མིའི་དོགས་པའི་གཤིས་ཀ་འདི་མི་བགོད་པའི་རེ་བ་ཡོད།

བསམ་ཚུལ་འབྲི་བ།

མིང་:
བསམ་ཚུལ།:
Site Powered by Airjaldi. Designed, developed & maintained by Monlam Designs
Joomla 1.5 Templates by JoomlaShine.com